ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་ཁབ་འདིའི་བུད་མེད་ཙུང་ཐུང་ཐོག་མ་ཡིན་སྲིད།

2023-09-12 17:50:00     责编:娜科

 

   ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་6ཉིན། མོ་ཞི་ཁོ་ཡི་སྲིད་འཛིན་ཏང་རྒྱལ་ཁབ་བསྐྱར་དར་ལས་འགུལ་ཏང་གིས། མོ་ཞི་ཁོ་གྲོང་ཁྱེར་གྱི་དེ་སྔའི་འགོ་འཛིན་ཁེ་ལའོ་ཏི་ཡ· ཞིན་པའོ་མུའུ་ཡིས་དེ་སྔའི་ཕྱི་འབྲེལ་པུའུ་ཀྲང་མ་སའེ་ལུའོ·ཨའེ་པུའུ་ལ་ཏེ་སོགས་འགྲན་ཡ་ཕམ་པར་བརྒྱབ་ནས། 2024ལོར་ཙུང་ཐུང་འདེམས་བསྐོའི་འོས་མིར་གྱུར་པ་ཁྱབ་བསྒྲགས་བྱས་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཞིན་པའོ་མུའུ་ཡིས་བུད་མེད་ཙུང་ཐུང་འོས་མི་གཞན་ཞིག་སྟེ་ཧོ་སོ་ཆི་ཐེར· ཅར་ཝེ་སི་དང་འགྲན་རྩོད་བྱེད་དགོས། སྔོན་འདིར། མོ་ཞི་ཁོ་ཟུར་གནས་ཏང་ཁག་མནའ་འབྲེལ་གྱིས་ཅར་ཝེ་སི་ཙུང་ཐུང་གི་འོས་མིར་མིང་བཏོན་པ་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཁོང་གཉིས་ཁྲོད་ཀྱི་གཅིག་མོ་ཞི་ཁོ་ཡི་བུད་མེད་ཙུང་ཐུང་ཐོག་མ་ཡིན་སྲིད། 

中央广播电视总台 央广网 版权所有

རྒྱལ་ཁབ་འདིའི་བུད་མེད་ཙུང་ཐུང་ཐོག་མ་ཡིན་སྲིད།

གནས་འཕྲིན་སྤེལ་བར་གཞིགས་ན། ཁོང་གཉིས་ཁྲོད་ཀྱི་གཅིག་མོ་ཞི་ཁོ་ཡི་བུད་མེད་ཙུང་ཐུང་ཐོག་མ་ཡིན་སྲིད།