ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶བྱང་ཁོ་རེ་ཡའི་འཐབ་ཇུས་ཉིང་རྡུལ་ཕར་རྒོལ་ཆུར་འཛུལ་དམག་གྲུ་་་

2023-09-12 17:20:00     责编:娜科

བྱང་ཁོ་རེ་ཡའི་འཐབ་ཇུས་ཉིང་རྡུལ་ཕར་རྒོལ་ཆུར་འཛུལ་དམག་གྲུ་ཐོག་མ་ཆུ་ལ་བཏང་།

 

 

བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་8ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡས་སྤྱི་ཚེས་6ཉིན་གསར་དུ་བཟོས་པའི་ཆུར་འཛུལ་དམག་གྲུ་ཆུར་གཏོང་བའི་མཛད་སྒོ་འཚོགས་ནས་འཐབ་ཇུས་ཉིང་རྡུལ་ཕར་རྒོལ་ཆུར་འཛུལ་དམག་གྲུ་ཨང་841པ་ཆུ་ལ་འཛུལ་བར་རྟེན་འབྲེལ་ཞུས་པ་དང་ཆུར་འཛུལ་དམག་གྲུ་དེར“དཔའ་བོ་ཅིན་ཅུན་ཡུས”རྟགས་ཅན་ཞེས་མིང་བཏགས་པ་རེད། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་མཛད་སྒོར་ཞུགས་པ་རེད།

 

 

གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་བཀའ་རྒྱ་ལྟར་འཐབ་ཇུས་ཉིང་རྡུལ་ཕར་རྒོལ་ཆུར་འཛུལ་དམག་གྲུ་ཨང་841པ་བྱང་ཁོ་རེ་ཡ་མི་དམངས་དམག་གི་མཚོ་དམག་ཤར་རྒྱ་མཚོའི་དམག་གྲུ་རུ་ཁག་ཁོངས་གཏོགས་ཀྱི་འབྲེལ་ཡོད་མཚོ་འོག་དམག་གྲུ་རུ་ཁག་ལ་རྩིས་སྤྲད་པ་རེད།“མཚོ་འོག་ཉིང་རྡུལ་ཕར་རྒོལ་དམག་གྲུ་ཨང་དང་པོ་དེ་གཟི་བརྗིད་ལྡན་པའི་ངང་ཐོན་པ་དེས་ཁོ་རི་ཡ་བྱང་མའི་མཚོ་དམག་གི་དྲག་ཆས་སྟོབས་ཤུགས་ཆེ་རུ་གཏོང་བའི་ལེའུ་གསར་པ་ཞིག་བརྩམས་པ་མ་ཟད།ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད།སྤུས་ཚད་དང་གྲངས་འབོར་ཐད་ནས་རྒྱལ་ཁབ་ཀྱི་ཉིང་རྡུལ་བཀག་སྡོམ་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་”ཅེས་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་བཀོད་འདུག

 

 

གནས་ཚུལ་སྤེལ་བར་གཞིགས་ན། ཚེས་7ཉིན་ཅིན་ཀྲེང་ཨེན་གྱིས་ཚོད་ལྟའི་ཆུར་འཛུལ་ལ་གྲ་སྒྲིག་བྱེད་བཞིན་པའི་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་དམག་གྲུ“དཔའ་བོ་ཅིན་ཅུན་ཡུས་ཀྱི”རྟགས་ཅན་གྱི་དམག་གྲུར་ལྟ་སྐོར་བྱས་པ་དང་འབྲེལ་གཏམ་བཤད་སྤེལ་བ་རེད། ཁོང་གིས་མཚོ་དམག་གི་ཉིང་རྡུལ་དྲག་ཆས་ཅན་ནི་ནར་འགྱངས་གཏོང་མི་རུང་བའི་ཁ་ཚ་དགོས་གཏུག་གི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་དང་གསར་བརྗེའི་དྲག་ཆས་སྟོབས་ཤུགས་འཛུགས་སྐྱོང་གི་ལྟེ་བའི་བླང་བྱ་རེད་ཅེས་བརྗོད། 

 

 

 

ཅིན་ཀྲེང་ཨེན་གྱིས་ད་དུང་ཆུར་འཛུལ་དམག་གྲུའི་བཀོད་འདོམས་པ་དང་མཚོ་དམག་ནི་ངེས་པ་དོན་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་དམག་དྲག་ཆས་སྟོབས་ཤུགས་ཀྱི་དཔའ་བོ་མི་རབས་དང་པོའི་མཚན་སྙན་ཐོབ་པའི་བཀོད་འདོམས་པ་ཅིན་ཅུན་ཡུས་ཀྱི་མིང་བཏགས་པའི་ཆུར་འཛུལ་དམག་གྲུའི་ཁོངས་གཏོགས་ཤིག་ཡིན་པ་དང་། མི་རབས་གོང་མའི་རླབས་ཆེན་མཚོ་དམག་གི་སྙིང་སྟོབས་བློ་བརྟན་འགྱུར་མེད་ངང་རྒྱུན་འཛིན་བྱ་དགོས། ཆབ་སྲིད་ཀྱི་བསམ་བློ་དང་བསམ་པའི་ཀུན་སྤྱོད་ཐད་ཡིན་ན་འདྲ། ཡང་ན་གསར་བརྗེའི་དམག་འཁྲུག་གི་གྲ་སྒྲིག་ཕྱོགས་ཡིན་ན་རུང་མཚོ་དམག་གི་མིག་དཔེ་དང་དམག་དཔུང་ཡོངས་ཀྱི་དཔེ་སྟོན་པ་བྱས་ནས། མུ་མཐུད་དུ་དཔའ་བོའི་མཚོ་དམག་གི་ལྷ་སྒྲུང་གསར་པ་བཞེངས་པའི་སྣེ་ཁྲིད་དགོས་ཞེས་ནན་གྱིས་བསྟན། 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རྡོ་རྗེ་ཚེ་རིང་།  

འཛམ་གླིང་སྐར་ཁུངས།

▶རྒྱལ་ཁབ་འདིའི་ཙུང་ཐུང་བཟང་བཙོན་དུ་བཅུག་ཅིང་དེའི་བུ་ཡང་བཟུང་འདུག

སྤྱི་ཚེས་30ཉིན་ཀ་པོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔར་ཀ་པོན་གྱི་དུས་བབ་ལ་དམིགས་ནས་གཞུང་ཚབ་ཁང་གིས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

▶བྱང་ཁོ་རེ་ཡའི་འཐབ་ཇུས་ཉིང་རྡུལ་ཕར་རྒོལ་ཆུར་འཛུལ་དམག་གྲུ་་་

ཅིན་ཀྲེང་ཨེན་གྱིས་ད་དུང་ཆུར་འཛུལ་དམག་གྲུའི་བཀོད་འདོམས་པ་དང་མཚོ་དམག་ནི་ངེས་པ་དོན་གྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་དམག་དྲག་ཆས་སྟོབས་ཤུགས་ཀྱི་དཔའ་བོ་མི་རབས་དང་པོའི་མཚན་སྙན