ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶རྒྱལ་ཁབ་འདིའི་ཙུང་ཐུང་བཟང་བཙོན་དུ་བཅུག་ཅིང་དེའི་བུ་ཡང་བཟུང་འདུག

2023-09-02 11:39:00     责编:娜科

སྤྱི་ཚེས་30ཉིན་གྱི་ཐོ་རེངས། ཀ་པོན་རྒྱལ་ཁབ་འདེམས་བསྐོ་ལྟེ་གནས་ཀྱིས་སྤྱི་ཚེས་26ཉིན་གྱི་ཙུང་ཐུང་འདེམས་བསྐོའི་ནང་པང་ཀེ་ལ་འདེམས་ཤོག་ཐོབ་ཚད་64.27%ཟིན་ནས་བསྟུད་མར་འགན་གནས་བཞེས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེ་རྗེས། དམག་ཕྱོགས་ཀྱི་མི་སྣ་བཅུ་ལྷག་ཙམ་གྱིས་སྒྲིག་གཞི་བར་བརྒལ་དང་ཨུ་ཡོན་ལྷན་ཁང་སླར་གསོ་བྱ་རྒྱུར་ཁ་གཡར་ནས་ཀ་པོན་གྱི་བརྙན་འཕྲིན་འཕྲིན་ལམ་24བརྒྱུད་ནས་འདེམས་བསྐོའི་མཇུག་འབྲས་རྩིས་མེད་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད། སྲིད་དབང་བཟུང་བ་དང་། རྒྱལ་ཁབ་ལས་ཁུངས་ངལ་གསོ་བཞག་པ། དུས་མཚུངས་རྒྱལ་ཁབ་དེའི་མཐའ་མཚམས་སྒོ་བརྒྱབ་པ་བརྗོད་ཡོད། 

 

 

 སྒྲིག་གཞི་བར་བརྒལ་དང་ཨུ་ཡོན་ལྷན་ཁང་སླར་གསོ་བྱས་རྗེས། རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་པང་ཀེ་བཟང་བཙོན་དུ་བཅུག་པའི་གསལ་བསྒྲགས་སྤེལ་བ་དང་། གསལ་བསྒྲགས་ནང་པང་ཀེ་ནི་ཁོང་གི་ནང་མི་དང་སྨན་པའི་འདུག་རོགས་འོག་བཟང་བཙོན་དུ་བཅུག་ཡོད་པ་དང་། པང་ཀེ་ཡི་བུ་ནུར་ཏིང·པང་ཀི·ཝ་ལུན་ཏིང་དང་དེ་བཞིན་ཙུང་ཐུང་ལས་ཤག་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གིས་རྒྱལ་ཁབ་ལ་ངོ་ལོག་དང་གཞུང་དངུལ་སྒེར་སྤྱོད་བྱས་པ་སོགས་ཀྱི་རྐྱེན་པས་བཟུང་བ་བཀོད་ཡོད། ཉིན་དེའི་དགོང་མོར་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་སྲུང་རུ་ཁག་གི་བཀོད་འདོམས་པ་པུའུ་ལི་སི·ཨའོ་ལི་ཅི·ཨེན་ཀུའེ་མཱ་ཡིས་ཧྥ་རན་སིའི《འཛམ་གླིང་ཚགས་པར》ལ་པང་ཀེ་ལས་འཁྱུར་ངལ་གསོའི་གནས་སུ་གྱར་ཡོད་ཅེས་བཤད་ཡོད།

 

ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས“སྲིད་འགྱུར་གྱི་རེ་ངན་”ལ་རྒོལ་གཏམ་དྲག་པོ་བཏང་བ།

སྤྱི་ཚེས་30ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་གསལ་བསྒྲགས་སྤེལ་ནས།ཀ་པོན་དུ་ཐོན་པའི་སྲིད་འགྱུར་གྱི་རེ་ངན་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་དང་།  ཁོང་གིས་དོན་རྐྱེན་དེ་མངོན་སུམ་འཛེམ་མེད་ངང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཆབ་སྲིད་ཀྱི་ཡིག་ཆ་ལས་འགལ་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་། པང་ཀེ་དང་དེ་བཞིན་ཁོང་གི་ནང་མིའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་ཡོད།

 

སྤྱི་ཚེས་30ཉིན་ཀ་པོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔར་ཀ་པོན་གྱི་དུས་བབ་ལ་དམིགས་ནས་གཞུང་ཚབ་ཁང་གིས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་ཡོད།གཞུང་ཚབ་ཁང་གིས་ཀ་པོན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚང་མ་ཕྱིར་མི་བསྐྱོད་རྒྱུ་དང་། ཛ་དྲག་གི་གནས་ཚུལ་དང་འཕྲད་ཚེ་དུས་ཐོག་ཏུ་གཞུང་ཚབ་ཁང་དང་འབྲེལ་བ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

 ཉིན་དེར་ཧྥ་རན་སི་སྲིད་གཞུང་གི་མགྲིན་ཚབ་པ་ཨའོ་ལི་ཝུའེ་ཡེ·ཝུའེ་ལང་གིས་ཧྥ་རན་སི་ཕྱོགས་ཀྱིས་ཀ་པོན་དུ་ཐོན་པའི་དམག་དོན་སྲིད་འགྱུར་ལ་རྒོལ་གཏམ་བཏང་བ་དང་འབྲེལ་དུས་བབ་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་དང་(ཀ་པོན་གྱི་ཙུང་ཐུང་)འདེམས་བསྐོ་བྱས་འབྲས་ལ་བརྩི་འཇོག་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བསྟན་འཛིན།

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་ལྷུངས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ལས་འཛོལ་ཐོན་སྐབས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། ཧྥི་ལི་ཕིན། དེ་བཞིན་ཧིན་རྡུ་ཉི་ཞི་ཡཱ་བཅས་ཐི་ཝུའེ་གླིང་ཚོམ་དུ་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱེད་བཞིན་ཡོད་པ་རེད།

中央广播电视总台 央广网 版权所有

▶རྒྱལ་ཁབ་འདིའི་ཙུང་ཐུང་བཟང་བཙོན་དུ་བཅུག་ཅིང་དེའི་བུ་ཡང་བཟུང་འདུག

སྤྱི་ཚེས་30ཉིན་ཀ་པོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་མིག་སྔར་ཀ་པོན་གྱི་དུས་བབ་ལ་དམིགས་ནས་གཞུང་ཚབ་ཁང་གིས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་ཡོད།