ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱལ་ཁབ་འདི་གསུམ་གྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ།

2023-08-30 15:48:00     责编:娜科

   ལྗར་པན་རླུང་འཕྲིན་མཐུན་ཚོགས(NHK)ཀྱིས་ཚེས་22ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་གིས་ཉིན་དེར་ཨ་རི་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་དང་མཉམ་དུ་ཆན་ཏའོ་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སོགས་སུ་མཉམ་འབྲེལ་དམག་སྦྱོང་བྱེད་འགོ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ལྗར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་གིས་ཐོག་མར་ཆན་ཏའོ་གླིང་ཚོམ་ཉེ་འགྲམ་གྱི་མཚོ་ཁོངས་སུ་དམག་སྦྱོང་བྱས་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་དམག་སྦྱོང་ཟླ་འདིའི་ཚེས་28ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། ལྗར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག་དང་། དེ་བཞིན་ཨ་རི་དང་ཁ་ན་ཏ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་དམག་གྲུ་5མངགས་ནས་ད་ཐེངས་ཀྱི་མཉམ་འབྲེལ་དམག་སྦྱོང་ནང་ཞུགས་ཡོད་པ་རེད། 

中央广播电视总台 央广网 版权所有