ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

བཀག་རྒྱ་འདིས་རྒྱལ་སྤྱིའི་ཚོང་རར་ཟིང་ཆ་བསླངས།

2023-08-17 16:25:00     责编:娜科

 

       ཉེ་དུས། གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཨེར་ཉི་ནུའོ་སྣང་ཚུལ་གྱི་གནམ་གཤིས་ཤུགས་རྐྱེན་ཐེབས་ནས་ཞིང་ལས་ཐོན་སྐྱེད་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། འདི་ལོའི་དབྱར་དུས་ནས་བཟུང་རྒྱ་གར་ཚུད་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོས་འབྲུ་རིགས་ཕྱིར་གཏོང་གི་བཀག་རྒྱ་བཟོས། གོ་ལ་ཧྲིལ་པོའི་འབྲས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱ་གར་གྱིས་འབྲས་བཙོས་མ་དང་རྒྱ་གར་གྱི་འབྲས་ཕུད་པའི་འབྲས་གཞན་ཕྱིར་གཏོང་བྱ་རྒྱུ་བཀག་འགོག་བྱས་པ་དེས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འབྲས་ཀྱི་རིན་གོང་སྟོན་གྲངས་དེ་ཟླ་བདུན་པར་2.8%འཕར་བ་དང་ཉེ་བའི་ལོ་བཅུ་གཉིས་ནང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།
 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ། 
ཡིག་སྒྱུར། རྡོ་རྗེ་ཚེ་རིང་། 

འཛམ་གླིང་སྐར་ཁུངས།

▶ཡུག་རེན་གྱིས་མཁའ་ཟོན་མ་ལག་བཙུགས་པའི་སྐོར་བརྗོད་པ་དང་་་

ཡུག་རེན་གྱི་དྲག་ཆས་དཔུང་སྡེའི་ཤར་རྒྱུད་ཚོགས་པའི་མགྲིན་ཚབ་པ་ཆེ་ལེ་ཝ་ཏིས་ཡུག་རེན་ཤར་རྒྱུད་ཁུལ་དུ་ཡུག་རེན་དམག་གིས་རིམ་པ་མང་བའི་མཁའ་ཟོན་མ་ལག་བཙུགས་པས་ཡུག་རེན་གྱི་གཡུལ་སའི་མཁའ་དབྱིངས་སུ་ཨུ་རུ་སུའི་དམག་དཔུང་འཕུར་སྐྱོད་བྱེད་ཐབས་བྲལ་བར་

中央广播电视总台 央广网 版权所有

བཀག་རྒྱ་འདིས་རྒྱལ་སྤྱིའི་ཚོང་རར་ཟིང་ཆ་བསླངས།

ཉེ་དུས། གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཨེར་ཉི་ནུའོ་སྣང་ཚུལ་གྱི་གནམ་གཤིས་ཤུགས་རྐྱེན་ཐེབས་ནས་ཞིང་ལས་ཐོན་སྐྱེད་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།