ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཐེ་རོན་ཕུ་ལོ་561རིང་བཙོན་འཇུག་བྱེད་ཉེན་ཡོད་དམ།

2023-08-10 16:48:00     责编:娜科

     སྤྱི་ཚེས་2ཉིན། ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུས་རང་ཉིད་ལོ་561བཙོན་འཇུག་བྱེད་ཉེན་ཡོད་ཅེས་བཤད་ཡོད་མོད། འོན་ཀྱང་ཨ་རིའི་བཅའ་ཁྲིམས་རིགས་གཅིག་མཁས་པས་དེས་ཐེ་རོན་ཕུ་ཙུང་ཐུང་གི་འགྲན་འདེམས་ནང་ཞུགས་པའམ་ཡང་ན་ཙུང་ཐུང་ལ་བདམས་ཐོན་འབྱུང་བར་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བཤད་ཡོད།

      དེའི་གོང་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུར་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་8པའི་ཚེས་1ཉིན་སླར་ཡང་ཞུ་གཏུག་བརྒྱབ་པ་དང་། ཉེས་མིང་4ཡོད་པ་དེ་སྤྱི་ལོ་2020ལོའི་ཨ་རིའི་ཙུང་ཐུང་གི་འདེམས་བསྐོ་ཆེན་མོར་ཐེ་ཇུས་བྱས་པ་དང་འབྲེལ་བ་ཡོད་པ་རེད། དེ་ནི་ཐེ་རོན་ཕུས་སྤྱི་ལོ་2021ལོར་ཙུང་ཐུང་གི་འགན་འཁུར་མཚམས་བཞག་རྗེས་ཉེས་དོན་ཞུ་གཏུག་ཕོག་ཐེངས་གསུམ་པ་དེ་རེད།

     ཨ་རིའི་རྒྱལ་ཡོངས་སྤྱི་པའི་རླུང་འཕྲིན་ཀུང་སིས། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་3ཉིན་ཝ་ཧྲེང་ཐོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ཐེ་རོན་ཕུ་ཁྲིམས་རར་ཐོག་མར་ཞུགས་རྒྱུ་རེད་ཅེས་གནས་ཚུལ་སྤེལ་ཡོད།

     རྒྱལ་ཚོགས་རི་བོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་སྤྱི་ཚེས་2ཉིན་རྒྱབ་སྐྱོར་བྱེད་མཁན་ལ་བསྐུར་བའི་གློག་རྡུལ་ཡི་གེ་ཞིག་གི་ནང་ཁོང་ཕལ་ཆེར་ལོ་561ལ་བཙོན་འཇུག་བྱེད་སྲིད་ཅེས་བརྗོད་ཡོད།

     གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུས་གློག་རྡུལ་ཡི་གེའི་ནང་རུལ་སུངས་སུ་གྱུར་བའི་ཨ་རིའི་ཁྲིམས་འཛིན་པུའུ་ཡིས་ཨ་རིའི་ཙུང་ཐུང་པའེ་ཏེང་གི་ཚོད་འཛིན་འོག་སླར་ཡང་ང་རང་ཁྲིམས་ལ་སྦྱར་འདུག་ཅེས་བཤད་པ་རེད།    གནས་ཚུལ་སྤེལ་བར་གཞིགས་ན། ད་ཆ་ང་རང་གཡོན་རུའི་སྟོབས་ཤུགས་ཀྱིས་འབྲེལ་ཡོད་བྱ་སྤྱོད་སྤེལ་བའི་དབང་གིས་ཁྱོན་ལོ་561རིང་བཙོན་འཇུག་བྱེད་སྲིད་ཅེས་བཤད་ཡོད།

     ཨ་རིའི་ཆབ་སྲིད་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཐེ་རོན་ཕུར་ཉེས་དོན་གྱོད་གཞི་གསུམ་ཐོན་ཡོད་པ་དང་། ཁྱོན་ཉེས་པ་ལྕི་བའི་སྐྱོན་འཛུགས་ཁག་78བྱས་ཡོད་པ་རེད། གལ་ཏེ་ཐེ་རོན་ཕུའི་ཉེས་མིང་ཚང་མ་གཏན་འཁེལ་བ་མ་ཟད། ཉེས་ཆད་ལྕི་ཤོས་བཅད་ཚེ་ཁོང་ལོ་641རིང་བཙོན་འཇུག་བྱ་དགོས་ཀྱི་ཡོད། 

     རྒྱལ་ཚོགས་རི་བོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞུ་སྦྱོར་ཕྱི་མ་བར་ནག་ཉེས་ཚང་མར་ཉེས་ཆད་ཚད་གཞི་མཐོ་ཤོས་གཅོད་དུ་འཇུག་རྒྱུ་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ནག་ཉེས་མི་འདྲ་བའི་ཉེས་ཆད་ཀྱི་ཡུན་ཚད་དེ་བསྟུད་མར་ལག་བསྟར་བྱས་ཆོག་པས་ཞུ་སྦྱོར་ཕྱི་མ་བ་བཙོན་ཁང་ནང་སྡོད་པའི་སྤྱིའི་དུས་ཚོད་ལ་ཚོད་འཛིན་བྱས་ཡོད།

 

གལ་ཏེ་ཐེ་རོན་ཕུ་ལ་དངོས་གནས་ཉེས་པ་གཏན་འཁེལ་བྱས་ན། ཡང་བསྐྱར་ཙུང་ཐུང་བྱ་རྒྱུའི་གོ་སྐབས་ཡོད་དམ།

     ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་འདེམས་བསྐོའི་བཅའ་ཁྲིམས་ཀྱི་རིགས་གཅིག་མཁས་པས་ཅ་ཀྲོའུ་སློབ་ཆེན་ལུའོ་ཧྲན་ཅིའི་ཡན་ལག་སློབ་གྲྭའི་ཁྲིམས་རིག་པའི་དགེ་རྒན་ཆེན་མོ་ལི་ཁྲ་ཏེ·ཧ་སེན་གྱིས་གལ་ཏེ་ཐེ་རོན་ཕུ་ལ་སྤྱི་ལོ་2024ལོའི་འདེམས་བསྐོ་ཆེན་མོ་ཐོབ་ཚེ་ཁོང་ལ་ཙུང་ཐུང་གི་འགན་འཁུར་བའི་གོ་སྐབས་སྔར་བཞིན་ཡོད་ཅེས་བཤད་ཡོད།

     ཁྲ་ཏི·ཧ་སན་གྱིས་ཨ་རིའི་རྩ་ཁྲིམས་ནང་ཙུང་ཐུང་ལ་བཏོན་པའི་བླང་བྱ་ཧ་ཅང་ཉུང་ཉུང་ཡིན་པ་དཔེར་ན། མ་མཐར་ཡང་ལོ་35ལ་སླེབས་དགོས་པ་ལྟ་བུ་ཡོད་མོད། འོན་ཀྱང་དེས་ཞུ་གཏུག་བརྒྱབ་པ་དང་། ཉེས་པ་གཏན་འཁེལ་བྱས་པ། ཐ་ན་ཁྲིམས་ཆད་འཁུར་བཞིན་པའི་མི་སུ་ཞིག་ཡིན་རུང་ཙུང་ཐུང་གི་འགྲན་འདེམས་ནང་ཞུགས་ཆོག་པ་དང་འབྲེལ་ཙུང་ཐུང་གི་ལས་གནས་ཐོབ་པར་གཏན་འགོག་བྱེད་ཀྱི་མེད་ཅེས་བཤད་ཡོད།

     གནས་ཚུལ་སྤེལ་བར་གཞིགས་ན། དེ་དང་ཆབས་ཅིག་གལ་ཏེ་ཐེ་རོན་ཕུར་ཉེས་པ་གཏན་འཁེལ་བྱུང་ཚེ་ཁོང་གིས་ཁྲིམས་ཆད་མཇུག་མ་སྒྲིལ་གོང་ཧྥོ་ལོ་ལི་ཏ་མངའ་སྡེའི་འདེམས་ཤོག་འཕེན་དབང་འཕྲོག་རྒྱུ་རེད་ཅེས་འཁོད་ཡོད།

     གྱོད་གཞི་དེར་འགན་འཁུར་མཁན་དམིགས་བསལ་ཞིབ་དཔྱོད་དཔོན་ཅེ་ཁེ·ཧྲི་སྨི་སིས། གྱོད་གཞི་དེར་མགྱོགས་མྱུར་འདྲི་གཅོད་བྱ་རྒྱུའི་རེ་བ་བཏོན་མོད། གལ་ཏེ་ཐེ་རོན་ཕུ་འདྲི་གཅོད་མཇུག་མ་སྒྲིལ་གོང་ཙུང་ཐུང་ལ་བདམས་ཐོན་བྱུང་ཚེ་ཐེ་རོན་ཕུས་ཁྲིམས་འཛིན་པུའུ་ཚོད་འཛིན་བྱས་ནས་གྱོད་གཞི་དེ་ཕྱིར་སློག་གཏོང་སྲིད་ཅེས་བཤད་ཡོད།

     ཐེ་རོན་ཕུའི་དག་འབུད་ཁྲིམས་རྩོད་པ་གཡོད་ཧན·ལའོ་ལུའོ་ཡིས་འདྲི་གཅོད་ཀྱི་གོ་རིམ་དེ་ཟླ་དགུའམ་ཡང་ན་ལོ་གཅིག་རྒྱུན་མཐུད་བྱེད་སྲིད་ཅེས་བཤད་ཡོད།

     མིག་སྔར་སྤྱི་མཐུན་ཏང་གི་འདེམས་དམངས་ཁྲོད་ཐེ་རོན་ཕུ་ཡི་སྙན་གྲགས་སྔར་བཞིན་ཆེན་པོ་གནས་ཡོད། ཉེ་ཆར་ཉིའུ་ཡོག་སྐབས་དོན་ཚགས་པར་དང་ཞི་ཡེ་ན་སློབ་གླིང་གི་དམངས་འདོད་བརྟག་དཔྱད་ཀྱི་རྣམ་གྲངས་ཤིག་ལས་མངོན་པར། སྤྱི་ལོ་2024ལོའི་སྤྱི་མཐུན་ཏང་ནང་གི་ཙུང་ཐུང་གི་མིང་འདོན་འགྲན་རྩོད་ཁྲོད་ཐེ་རོན་ཕུ་གཞན་ལས་མངོན་གསལ་གྱིས་མདུན་དུ་སྐྱོད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་གྱི་དཔོན་པོ་ཞིག་གིས་ཉེན་རྟོག་པ་སླེབས་པས་ཤོག་སྒོར་མིད་པ།

དེ་རྗེས་ཞིན་གྷི་སྨན་ཁང་དུ་སྐྱེལ་ཞིང་། ཉེན་རྟོག་པས་ཁོར་ཤོག་སྒོར་ཁ་ནས་ཕྱིར་འདོན་རྒྱུའི་རེ་བ་ཞུས་མོད། ཞིན་གྷིས་མ་ཉན་པར་མིད་པ་རེད།

中央广播电视总台 央广网 版权所有

▶ཐེ་རོན་ཕུ་ལོ་561རིང་བཙོན་འཇུག་བྱེད་ཉེན་ཡོད་དམ།

མིག་སྔར་སྤྱི་མཐུན་ཏང་གི་འདེམས་དམངས་ཁྲོད་ཐེ་རོན་ཕུ་ཡི་སྙན་གྲགས་སྔར་བཞིན་ཆེན་པོ་གནས་ཡོད། ཉེ་ཆར་ཉིའུ་ཡོག་སྐབས་དོན་ཚགས་པར་དང་ཞི་ཡེ་ན་སློབ་གླིང་གི་དམངས་འདོད་བརྟག་དཔྱད་ཀྱི་རྣམ་གྲངས་ཤིག་ལས་མངོན་པར།