ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་“ཐའེ་ཝན་རང་བཙན”ཤོག་ཁག་ལ་བརྡ་ལོག་གཏོང་མཚམས་འཇོག་དགོས།

2023-07-19 16:16:00     责编:娜科

   ཟླ་7ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། 

   གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་ཝན་གྱི་ལའེ་ཆིང་ཏེ་ཟླ་རྗེས་མར་པཱ་ལ་ཀུའེ་རུ་སྐྱོད་པའི་ལམ་བར་དུ་ཨ་རིར་སྡོད་རྒྱུ་ཡིན་པ་རེད། ཕྱི་འབྲེལ་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། 

   མའོ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཨ་རི་དང་ཐའེ་ཝན་གཞུང་ཕྱོགས་བར་གྱི་འགྲོ་འོང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། “ཐའེ་ཝན་རང་བཙན་”ཁ་ཕྲལ་བས་མིང་གང་འདྲ་ཞིག་གི་ཐོག་དང་རྒྱུ་མཚན་གང་རུང་གི་ཐོག་ནས་ཨ་རིར་འཛུལ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པ་དང་། དེ་བཞིན་དེའི་ཁ་ཕྲལ་བྱ་སྤྱོད་རྒྱ་ཡན་དུ་བཏང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་ཤོད་རེས་བྱས་ཡོད།

   ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཐད་ཀྱི་བརྒལ་ཐབས་མེད་པའི་དམར་ཐིག་ཅིག་རེད། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས། ཨ་རིའི་འགོ་ཁྲིད་པས་བཏོན་པའི་“ཐའེ་ཝན་རང་བཙན་”ལ་རྒྱབ་སྐྱོར་མི་བྱེད་པ་སོགས་ཀྱི་ཁས་ལེན་ལག་བསྟར་ཏན་ཏིག་བྱས་ཏེ། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་བར་འགྲོ་འོང་བྱེད་མཚམས་འཇོག་རྒྱུ་དང་། ཨ་རི་དང་ཐའེ་ཝན་གྱི་དོན་དངོས་འབྲེལ་བ་རིམ་སྤོར་མཚམས་འཇོག་རྒྱུ། “ཐའེ་ཝན་རང་བཙན་”ཁ་ཕྲལ་ཕྱོགས་གཏོགས་ལ་བརྡ་ལོག་གཏོང་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་ནས། བྱ་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

འཛམ་གླིང་སྐར་ཁུངས།

ཨ་རིའི་མངའ་སྡེ་འདིར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་མི་4ཤི་བ།

གྱོན་ཆས་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་འབྲེལ་གནས་ཚུལ་ཤེས་རྟོགས་དང་ཁུངས་སྣེ་ཤེས་རྟོགས་བྱུང་བ་མཁན་ལ་འཛིན་ཐུབ་རྒྱུའི་གཞོགས་འདེགས་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱས་པ་རེད།

中央广播电视总台 央广网 版权所有

ཨ་རིས་“ཐའེ་ཝན་རང་བཙན”ཤོག་ཁག་ལ་བརྡ་ལོག་གཏོང་མཚམས་འཇོག་དགོས།

ཁ་ཕྲལ་ཕྱོགས་གཏོགས་ལ་བརྡ་ལོག་གཏོང་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་ནས། བྱ་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།