ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

བྱང་ཆིངས་དང་རྒྱལ་ཁབ་འདི་གཉིས་ཀྱིས་གསལ་བསྒྲཊ་སྤེལ།

2023-07-12 17:08:00     责编:娜科

   ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་10ཉིན། བྱང་ཆིངས་དང་། ཐུར་ཁེ། སུའེ་ཏེན་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པ་ཐུག་འཕྲད་བྱས་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། གསལ་བསྒྲགས་ནང་། བྱང་ཆིངས་རྩ་འཛུགས་ཀྱི་དབུ་ཚོགས་འཚོགས་ཚུན་སུའེ་ཏེན་དང་ཐུར་ཁེའི་བར་མཉམ་ལས་དམ་ཟབ་བྱས་ནས། ཐུར་ཁེའི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ཐག་གཅོད་བྱས་ཡོད། འཕེལ་རིམ་དེའི་ཆ་ཤས་ཤིག་ཡིན་པའི་སུའེ་ཏེན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས། ཁུའར་ཏེ་བཟོ་པའི་ཏང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་བ་མ་ཟད། ཐུར་ཁེར་མཚོན་ཆ་ཕྱིར་གཏོང་བྱ་རྒྱུ་སླར་གསོ་བྱས་པ་རེད་ཅེས་བཤད།

   གསལ་བསྒྲགས་ནང་ད་དུང་། སུའེ་ཏེན་དང་ཐུར་ཁེས་2022ལོའི་མ་ཏེ་རིའི་བྱང་ཆིངས་ཀྱི་དབུ་ཚོགས་ཐོག་བཙུགས་པའི་མཐའ་གསུམ་རྒྱུན་བཙུགས་མཉམ་འབྲེལ་ལམ་སྲོལ་དང་། དེ་བཞིན་ཕྱོགས་གཉིས་པོའི་བདེ་འཇགས་གན་རྒྱ་གསར་པའི་འོག་མུ་མཐུད་མཉམ་ལས་བྱ་རྒྱུའི་མོས་མཐུན་བྱས་པ་དང་། ཕྱོགས་གཉིས་པོས་ལོ་རེར་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོག་རྒྱུ་མ་ཟད། གནས་ཚུལ་ལ་གཞིགས་ནས་ལས་དོན་ཚོ་ཆུང་འཛུགས་རྒྱུ་ཡིན་ཞེས་བཤད་པ་རེད། 

   གསལ་བསྒྲགས་ནང་དུས་མཚུངས་སུ། སུའེ་ཏེན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ལམ་རིས་ཤིག་འདོན་རྒྱུ་མ་ཟད། བྱང་ཆིངས་ནང་ཞུགས་རྗེས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་མུ་མཐུད་བྱ་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་དང་། སུའེ་ཏེན་གྱིས་ཐུར་ཁེ་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་རེད།

   དེའི་རྨང་གཞིའི་ཐོག ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་སུའེ་ཏེན་བྱང་ཆིངས་ནང་ཞུགས་པའི་གྲོས་ཆོད་ཡི་གེ་དེ་དེའི་གྲོས་ཚོགས་ལ་ཕུལ་བ་མ་ཟད། གྲོས་ཆོད་ཡི་གེ་དེར་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་པའི་འགན་ལེན་ཧུར་ཐག་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

ཕུའུ་ཅིང་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཐུག་འཕྲད་གནང་།

ཕེ་སི་ཁོ་ཧྥུ་ཡིས་བཤད་དོན། ཧ་ལམ་དུས་ཚོད་གསུམ་ལ་གྲོས་མོལ་བྱས་པ་དང་། ཝ་ཀེ་ནའི་བཀོད་འདོམས་དཔོན་ཚོས་ཐུག་འཕྲད་གནང་སྐབས།

中央广播电视总台 央广网 版权所有

བྱང་ཆིངས་དང་རྒྱལ་ཁབ་འདི་གཉིས་ཀྱིས་གསལ་བསྒྲཊ་སྤེལ།

དེའི་རྨང་གཞིའི་ཐོག ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་སུའེ་ཏེན་བྱང་ཆིངས་ནང་ཞུགས་པའི་གྲོས་ཆོད་ཡི་གེ་དེ་དེའི་གྲོས་ཚོགས་ལ་ཕུལ་བ་མ་ཟད། གྲོས་ཆོད་ཡི་གེ་དེར་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་པའི་འགན་ལེན་ཧུར་ཐག་བྱས་པ་རེད།