ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཕུའུ་ཅིང་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཐུག་འཕྲད་གནང་།

2023-07-12 17:08:00     责编:娜科

   ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུ་ཡིས་ཚེས་10ཉིན་སྨྱན་སྦྱོར་ལ། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་6ཚེས་29ཉིན་ཁེ་ལི་མུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་སྒེར་གཉེར་དམག་དོན་དངོས་གཞི་ཝ་ཀེ་ནའི་རྩ་འཛུགས་ཀྱི་འགོ་ཁྲིད་རིམ་པའི་ཁོངས་མིར་ཐུག་འཕྲད་གནང་མྱོང་བ་དང་། དེའི་ནང་རྩ་འཛུགས་དེའི་སྲོལ་གཏོད་མཁན་ཕུའུ་ལི་ཀོ་རེན་ཡང་ཚུད་ཡོད་ཅེས་བཤད་པ་རེད། 

   དེ་རིང་ཨུ་རུ་སུའི་གསར་འགྱུར་ཁང་གིས་ཕེ་སི་ཁོ་ཧྥུ་ཡི་སྐད་ཆ་ལུང་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཕུའུ་ཅིང་གིས་ཁྱོན་བསྡོམས་མི་35ཚོགས་འདུར་གདན་འདྲེན་ཞུས་ཡོད་པ་དེའི་ནང་ཝ་ཀེ་ནའི་བཀོད་འདོམས་དཔོན་དང་། རྩ་འཛུགས་དེའི་འགོ་ཁྲིད་རིམ་པའི་ཁོངས་མི་ཚུད་ཡོད་པ་དང་། དེའི་ནང་ཕུའུ་ལི་ཀོ་རེན་ཡང་ཚུད་ཡོད། ཕུའུ་ཅིང་གིས་ཝ་ཀེ་ནའི་རྩ་འཛུགས་ཀྱིས་ངོ་ལོག་ཟིང་འཁྲུག་གི་དོན་རྐྱེན་ངན་སྐུལ་བྱས་པར་གདེང་འཇོག་བྱས་པ་མ་ཟད། ཝ་ཀེ་ནའི་ཁོངས་མིའི་མ་འོངས་པའི་འགྲོ་ཕྱོགས་ལ་གདམ་ག་འགའ་མཁོ་འདོན་བྱས་པ་རེད།

   ཕེ་སི་ཁོ་ཧྥུ་ཡིས་བཤད་དོན། ཧ་ལམ་དུས་ཚོད་གསུམ་ལ་གྲོས་མོལ་བྱས་པ་དང་། ཝ་ཀེ་ནའི་བཀོད་འདོམས་དཔོན་ཚོས་ཐུག་འཕྲད་གནང་སྐབས། ཁོ་ཚོ་ནི་རྒྱལ་ཁབ་ཀྱི་གཙོ་བདག་དང་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། “མུ་མཐུད་མེས་རྒྱལ་གྱི་ཆེད་དུ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད”ཅེས་བཤད་པ་རེད། ཕེ་སི་ཁོ་ཧྥུ་ཡིས་དུས་མཚུངས་སུ་ནན་བཤད་བྱས་དོན། ཁོས་ཕུའུ་ལི་ཀོ་རེན་གྱི་མིག་སྔའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གསལ་པོར་མི་ཤེས་ཟེར།

འཛམ་གླིང་སྐར་ཁུངས།

ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ཀྲུང་གོར་འཚམས་འདྲིར་བྱས་པའི་སྐོར།

ཟླ་7ཚེས་9ཉིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལེའོ་མིང་གིས།

中央广播电视总台 央广网 版权所有

ཕུའུ་ཅིང་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཐུག་འཕྲད་གནང་།

ཕེ་སི་ཁོ་ཧྥུ་ཡིས་བཤད་དོན། ཧ་ལམ་དུས་ཚོད་གསུམ་ལ་གྲོས་མོལ་བྱས་པ་དང་། ཝ་ཀེ་ནའི་བཀོད་འདོམས་དཔོན་ཚོས་ཐུག་འཕྲད་གནང་སྐབས།