ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ཀྲུང་གོར་འཚམས་འདྲིར་བྱས་པའི་སྐོར།

2023-07-12 17:07:00     责编:娜科

   ཟླ་7ཚེས་9ཉིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལེའོ་མིང་གིས། ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཡེ་ལུན་ཀྲུང་གོར་འཚམས་འདྲིར་ཕེབས་པའི་སྐོར་སྨྱན་སྦྱོར་གསར་འགོད་པའི་འདྲི་རྩད་ལ་ལན་བཏབ་པ་གཤམ་གསལ། ད་ཐེངས་ཨ་རིའི་ནོར་སྲིད་པུའི་པུའུ་ཀྲང་ཡེ་ལུན་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཚོགས་པས་དུས་ཡུན་རིང་པོའི་ནང་ལྷག་བསམ་ཟོལ་མེད་ཀྱིས་གྲོས་མོལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བར་འཛིན་པའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་བྱེད་དོན་མཚོན་པར་བྱས་པ། སྤྱི་ཁོག་དཔལ་འབྱོར་དང་དེ་བཞིན་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་གྲོས་གཞིར་གྲོས་བསྡུར་བྱས་ཡོད། རྗེས་མཐུད་ཕྱོགས་གཉིས་པོས་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་རེད།

འཛམ་གླིང་སྐར་ཁུངས།

ཕུའུ་ཅིང་གིས་ངོ་ལོག་ཟིང་འཁྲུག་སློང་མཁན་ཚོར་ཐུག་འཕྲད་གནང་།

ཕེ་སི་ཁོ་ཧྥུ་ཡིས་བཤད་དོན། ཧ་ལམ་དུས་ཚོད་གསུམ་ལ་གྲོས་མོལ་བྱས་པ་དང་། ཝ་ཀེ་ནའི་བཀོད་འདོམས་དཔོན་ཚོས་ཐུག་འཕྲད་གནང་སྐབས།

中央广播电视总台 央广网 版权所有

ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ཀྲུང་གོར་འཚམས་འདྲིར་བྱས་པའི་སྐོར།

ཟླ་7ཚེས་9ཉིན། གསར་འགོད་པས་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ལེའོ་མིང་གིས།