ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

དབྱིན་ཇི་རུ་ཕ་མ་གསུམ་ཡོད་པའི་ཕྲུ་གུ་ཞིག་སྐྱེས་འདུག

2023-05-16 09:13:00     责编:娜科

     ཉེ་སྔོན་སྐྱེས་པའི་དབྱིན་ཇིའི་ཕྲུ་གུ་ཞིག་ལ་ཨ་ཕ་གཅིག་དང་ཨ་མ་གཉིས་ཡོད་པ་དང་། འདི་ནི་དབྱིན་ཇིའི་ཕ་མ་གསུམ་འཛོམས་ཀྱི་ཕྲུ་གུ་ཐོག་མ་ཡིན་ཏེ། རྐུད་རྡོག་གཟུགས་ཚབ་གསོ་ཐབས་སྤྱད་ནས་སྐྱེས་པའི་ཚོད་སྦུག་ཕྲུ་གུ་ཐོག་མའང་ཡིན།

    དབྱིན་ཇིའི་《འཕྲོད་བསྟེན་ཚགས་པར་》གྱིས་སྤྱི་ཚེས་དགུ་ཉིན་གནས་ཚུལ་སྤེལ་བ་ལྟར་ན།  རྐུད་རྡོག་གཟུགས་ཚབ་གསོ་ཐབས་ཟེར་བ་ནི་ཚོད་སྦུག་ཕྲུ་གུའི་དུས་རིམ་དུ་ཕྱོགས་གསུམ་པའི་ཞལ་འདེབས་གནང་མཁན་གྱི་ཁམས་དམར་ཕྲ་ཕུང་ཁྲོད་ཀྱི་རྐུད་རྡོག་གཟུགས་ཀྱིས་ཨ་མའི་ཁམས་དམར་ཕྲ་ཕུང་ཁྲོད་མ་གཞིར་ཡོད་པའི་རྐུད་རྡོག་གཟུགས་ཀྱི་ཚབ་བྱས་ཏེ་ཕྲུ་གུས་ནད་འདུས་པའི་རྐུད་རྡོག་གཟུགས་ཀྱི་གྱིན་རྒྱུ་རྒྱུད་འཛིན་བྱེད་པ་སྔོན་འགོག་བྱེད་ཐབས་ཤིག་ཡིན་པ་དང་།  གོ་བདེ་བར་བཤད་ན་གསར་སྐྱེས་ཕྲུ་གུའི་ལུས་སྟེང་ན་མི་གསུམ་གྱི་གྱིན་རྒྱུ་ཡོད་མོད། འོན་ཀྱང་ཞལ་འདེབས་གནང་མཁན་གྱི་གྱིན་རྒྱུ་ཤིན་ཏུ་ཉུང་སྟེ་གྱིན་རྒྱུའི་གྲངས་37ལས་མེད་པ་དང་། ཕ་མ་གཉིས་ཀྱི་གྱིན་རྒྱུ་ཡིས་99.8%ཟིན་ཡོད།

 

 

    གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཕ་མ་གསུམ་འཛོམས་ཀྱི་ཕྲུ་གུ་ཐོག་མ་འདིའི་ཨ་མར་ཀླད་རྒྱུངས་ནད་ཡོད་པ་དང་། འདི་ནི་ཤིན་ཏུ་མཐོང་དཀོན་པའི་ལྷན་སྐྱེས་རང་བཞིན་གྱི་རྐུད་རྡོག་གཟུགས་ཀྱི་ཚབ་བྱེད་ནད་ཅིག་ཡིན་པ་དང་། རང་གི་བྱིས་པས་ནད་འདིའི་རྒྱུད་འཛིན་པ་འགོག་ཆེད་རྐུད་རྡོག་གཟུགས་ཚབ་ཀྱི་གསོ་ཐབས་སྤྱད་པ་རེད།

     དབྱིན་ཇིའི་གྲོས་ཚོགས་ཁང་གིས་སྤྱི་ལོ་2015ལོར་བཅའ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་རྐུད་རྡོག་གཟུགས་ཚབ་ཀྱི་གསོ་ཐབས་སྤྱོད་ཆོག་པ་གཏན་འབེབ་བྱས། སྤྱི་ལོ་2018ལོར་དབྱིན་ཇིའི་ཉུའུ་ཁ་སིར་གྱི་སྨན་ཁང་ཞིག་རྒྱལ་ཁབ་འདིའི་གསོ་ཐབས་འདི་སྤྱོད་མཁན་གྱི་སྨན་ཁང་ཐོག་མ་དང་གཅིག་པུ་དེར་གྱུར་བ་དང་། གསོ་ཐབས་འདི་སྤྱོད་པར་ལྟ་སྐུལ་སྡེ་ཁག་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་འཛིན།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

中央广播电视总台 央广网 版权所有

དབྱིན་ཇི་རུ་ཕ་མ་གསུམ་ཡོད་པའི་ཕྲུ་གུ་ཞིག་སྐྱེས་འདུག

གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་ཕ་མ་གསུམ་འཛོམས་ཀྱི་ཕྲུ་གུ་ཐོག་མ་འདིའི་ཨ་མར་ཀླད་རྒྱུངས་ནད་ཡོད་པ་དང་། འདི་ནི་ཤིན་ཏུ་མཐོང་དཀོན་པའི་ལྷན་སྐྱེས་རང་བཞིན་གྱི་རྐུད་རྡོག་གཟུགས་ཀྱི་ཚབ་བྱེད་ནད་ཅིག་ཡིན་པ་དང་། རང་གི་བྱིས་པས་ནད་འདིའི་རྒྱུད་འཛིན་པ་འགོག་ཆེད་རྐུད་རྡོག་གཟུགས་ཚབ་ཀྱི་གསོ་ཐབས་སྤྱད་པ་རེད།