ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨུ་རུ་སུ་དང་ཨ་རིའི་བར་དྲག་ཆས་གདོང་ཐུག་འབྱུང་ཉེན་ཡོད་ཅེས་བསྟན་པ།

2023-05-11 16:20:00     责编:娜科

     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5ཚེས་4ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ལི་ཡ་པུ་ཁོ་ཧྥུས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་ནི་དྲག་ཆས་གདོང་ཐུག་ཤོར་བའི་མཐའ་རུ་གནས་ཡོད། ཡིན་ནའང་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཡང་ས་ཟབ་མོར་མི་ལྷུང་བའི་ཆེད་འབད་བརྩོན་ཆེན་པོས་སྔོན་འགོག་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

     ལི་ཡ་པུ་ཁོ་ཧྥུས་ཨུ་རུ་སུའི་འཕྲིན་ལམ་དང་པོའི་བཅར་འདྲི་དང་ལེན་བྱེད་སྐབས། ཡུག་རེན་དང་ཨ་རིའི་མི་མེད་གནམ་གྲུས་ཁེ་ལི་མུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱས་མེད་པའི་སྐོར་གྱི་གསལ་བསྒྲགས་ནི་ཧ་ཅང་ཁུངས་ལུང་མེད་པ་ཞིག་རེད། ཨུ་རུ་སུས་ཡུག་རེན་གྱིས་ཨ་རིའི་བཀོད་པའི་འོག་རྡུང་རྡེག་གཏོང་ཐབས་དང་དམིགས་འབེན་འདེམས་ཀྱི་ཡོད་པ་གསལ་པོ་ཤེས་ཡོད། ཡིན་ནའང་ཨ་རིས་དོན་དག་དེར་འབྲེལ་བ་ཅི་ཡང་མེད་པའི་ཚུལ་སྟོན་རྩིས་བྱེད་བཞིན་འདུག་ཅེས་བཤད་ཡོད།

 

 

     ཁོང་གིས། ཨ་རི་ནི་དེ་སྔོན་ནས་བཟུང་ཨུ་ཡུག་གདོང་ཐུག་གི་དོ་བདག་ཕྱོགས་ཡིན་པ་དང་། བདག་དབང་རང་བཙན་གྱི་ཨུ་རུ་སུ་རྩ་གཏོར་གཏོང་རྒྱུ་ནི་ཁོང་ཚོའི་དམིགས་ཡུལ་ཡིན། ཡུག་རེན་ནི་དེའི་ཡོ་བྱད་ཙམ་རེད་ཅེས་བཤད་འདུག

     ལི་ཡ་པུ་ཁོ་ཧྥུས། ཉེ་བའི་ཟླ་འགའི་ནང་གནས་བབ་ཇེ་དྲག་ཏུ་འགྲོ་བའི་ཉམས་ཉེན་རྒྱུན་མཐུད་འཕར་སྣོན་བྱུང་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱི་ངང་རིང་དང་བབ་བརླིང་གིས་ཨ་རི་ཕྱོགས་ལ་མུ་མཐུད་དུ་གནས་བབ་ཇེ་སྡུག་ཏུ་གཏོང་བ་ནི་དང་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་ཅེས་དང་། ཁོང་གིས། ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་ཀས་མཐོ་རིམ་དང་ཆབ་སྲིད་ངོས་ཐད་ཀྱི་འབྲེལ་ཐུག་ཚུད་པའི་འབྲེལ་ཐུག་བྱ་རྒྱུ་དགོས་གལ་ཆེ་ཞེས་བསྟན་ཡོད།

     ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུས་ཀྱིས་སྤྱི་ཚེས་3ཉིན་གནས་ཚུལ་སྤེལ་ནས། ཡུག་རེན་གྱིས་ཉིན་དེའི་ཐོ་རེངས་སུ་མི་མེད་གནམ་གྲུ་བཏང་ནས་ཁེ་ལི་མུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་རྩིས་བྱས་ཡོད་པ་དང་། ཡིན་ནའང་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁའི་ངང་བཀག་འགོག་བྱས་པས། ཁེ་ལི་མུ་ལིན་ཕོ་བྲང་ནང་གི་མི་སྣ་དང་རྒྱུ་ནོར་ལ་གྱོང་གུན་བཟོས་མེད་ཅེས་བསྟན་ཡོད། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས་ཉིན་དེེར་ཨུ་རུ་སུ་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་ནི་འཆར་གཞི་ལྡན་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶​དབྱིན་ཇིས་ལོ་70སོང་རྗེས་སླར་ཡང་ཁྲི་གསོལ་མཛད་སྒོ་གཉེར་འདུག

ཁྲི་གསོལ་མཛད་སྒོ་འཚོག་ཉེར་ཡོད་པའི་སྤྱི་ཚེས་2ཉིན། སྐྱེས་པ་ཞིག་གིས་ཕོ་བྲང་པེ་ཅིན་ཧན་གྱི་ཕྱི་རོལ་དུ་འབར་རྫས་དབྱུགས་པས་འཛིན་བཟུང་བྱས་ཡོད་པ་དང་། བདེ་འཇགས་འགན་ལེན་བྱ་ཆེད། ད་ཐེངས་ཁྲི་གསོལ་མཛད་སྒོའི་བདེ་སྲུ

中央广播电视总台 央广网 版权所有

ཨུ་རུ་སུ་དང་ཨ་རིའི་བར་དྲག་ཆས་གདོང་ཐུག་འབྱུང་ཉེན་ཡོད་ཅེས་བསྟན་པ།

ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུས་ཀྱིས་སྤྱི་ཚེས་3ཉིན་གནས་ཚུལ་སྤེལ་ནས། ཡུག་རེན་གྱིས་ཉིན་དེའི་ཐོ་རེངས་སུ་མི་མེད་གནམ་གྲུ་བཏང་ནས་ཁེ་ལི་མུ་ལིན་ཕོ་བྲང་ལ་འཇབ་རྒོལ་བྱེད་རྩིས་བྱས་ཡོད་པ་དང་།