ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶​དབྱིན་ཇིས་ལོ་70སོང་རྗེས་སླར་ཡང་ཁྲི་གསོལ་མཛད་སྒོ་གཉེར་འདུག

2023-05-11 16:15:00     责编:娜科

     སྤྱི་ཟླ་5པའི་ཚེས་6ཉིན། དབྱིན་ཇིའི་རྒྱལ་པོ་ཁྲ་འར་སི་སྐུ་ཐོག་གསུམ་པའི་ཁྲི་གསོལ་མཛད་སྒོ་འཚོགས་ཡོད་ཅིང་། དེ་ནི་ལོ་70སོང་རྗེས་དབྱིན་ཇིས་སླར་ཡང་གཉེར་བའི་ཁྲི་གསོལ་མཛད་སྒོ་ཡིན་ལ། རྒྱལ་ཁབ་དེའི་ལོ་70ཡི་རིང་གི་གཟབ་སྦྲེང་བྱེད་སྒོ་ཆེ་ཤོས་ཤིག་ཀྱང་རེད། དབྱིན་ཇིའི་ས་གནས་ཁག་ཚང་མས་ད་རེས་ཀྱི་ཁྲི་གསོལ་མཛད་སྒོར་གྲ་སྒྲིག་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། ཐེངས་འདིའི་ཁྲི་གསོལ་མཛད་སྒོར་ཆེད་མངགས་ཇུས་འགོད་བྱས་པའི་པྲོག་ཞུ་དང་མེ་ཏོག་གི་རི་མོ་ལོན་ཏུན་གྱི་ཁྲོམ་གཞུང་གང་སར་བཤམས་ཡོད། ལོན་ཏུན་གྱི་ཕོ་བྲང་པའེ་ཅིན་ཧན་མདུན་གྱི་ལམ་བུའི་གཡས་གཡོན་གཉིས་སུ་དབྱིན་ཇིའི་ས་ཁུལ་ཁག་དང་ཁ་ན་ཏ་དང་ཨོ་སི་ཁྲུ་ལི་ཡ་སོགས་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མང་ཚོགས་ཀྱིས་ཉིན་ཤས་གོང་ནས་ས་བཟུང་སྟེ་མཛད་སྒོར་ཞུགས་པར་སྒུག་ཡོད།

 

 

 

ཉེན་རྟོག་པ་ཁྲི་1.1གིས་གསེར་གྱི་སྤོ་ལོའི་བྱེད་སྒོར་སྲུང་སྐྱེལ་བྱས་པ།

     དབྱིན་ཇིའི་གོང་མ་ཚང་གི་ཁྲི་གསོལ་མཛད་སྒོ་དེར་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཞིང་། ཁྲ་འར་སི་སྐུ་ཐོག་གསུམ་པའི་ཁྲི་གསོལ་མཛད་སྒོའི་ཚབ་རྟགས་ནི་གསེར་གྱི་སྤོ་ལོའི་བྱེད་སྒོ་ཞེས་པ་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཁྲི་གསོལ་མཛད་སྒོ་ནི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པ་ལས་གཞི་ཁྱོན་ཆུང་བ་རེད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་6ཉིན་གྱི་སྔ་དྲོ། རྒྱལ་པོ་ཁྲའར་སི་དང་བཙུན་མོ་ཁ་སྨི་ལ་གཉིས་ཐོག་མར་ཤིང་རྟར་བཞུགས་ནས་ཁྲོམ་སྐོར་བྱས་པ་དང་། ཕོ་བྲང་པའེ་ཅིན་ཧན་ནས་ཝུའེ་སི་མིན་སི་ཐེ་ཆོས་ཁང་ཆེན་མོར་བསྐྱོད་དེ་ཐེ་ལ་ཧྥ་ཅ་ཐང་ཆེན་སོགས་ལོན་ཏུན་གྱི་ས་རྟགས་རང་བཞིན་གྱི་མཛེས་ལྗོངས་ཁུལ་དུ་བསྐྱོད་ཡོད། ཁྲི་གསོལ་མཛད་སྒོ་དེ་སྲོལ་རྒྱུན་ལྟར་སྔ་དྲོའི་ཆུ་ཚོད་11ཐོག་ཝུའེ་སི་མིན་སི་ཐེ་ཆོས་ཁང་དུ་འཚོགས་པ་དང་མཛད་སྒོ་གཙོ་བོ་ཆོས་ལུགས་ཀྱི་གུས་སྲོལ་ཡིན་པ་དེའི་ནང་རྒྱལ་པོས་དམ་བཅའ་འཇོག་པ་དང་། ཆོས་དཔོན་ཆེན་མོ་ཁན་ཐེ་པོ་ལིས་རྒྱལ་པོར་ལྷ་སྣུམ་བྱུག་པ། རྒྱལ་པོའི་དབང་ཆ་མཚོན་པའི་སྤོ་ལོ་དང་འཁར་བ་བསྩལ་བ། ཁྲིར་གསོལ་བ་སོགས་ཚུད་ཡོད།

 

 

 

 

      མཛད་སྒོ་མཇུག་སྒྲིལ་རྗེས། རྒྱལ་པོ་ཁྲ་འར་སི་དང་མཙུན་མོ་ཁ་སྨི་ལ་གསེར་གྱི་ཤིང་རྟར་བཞུགས་ཏེ་ཕོ་བྲང་པའེ་ཅིན་ཧན་དུ་ཕྱིར་ལོག་ཡོད།  དབྱིན་ཇིའི་དམག་མི་6000ལྷག་ཙམ་ཁྲོམ་སྐོར་ནང་ཞུགས་ཡོད་པ་དང་། དེ་ནི་ལོ་70རིང་གི་དབྱིན་ཇིའི་གཟབ་སྦྲེང་གི་བྱ་སྤྱོད་ཆེ་ཤོས་དེ་རེད། གོང་མ་ཚང་གི་ཁོངས་མི་ཚོས་མཐར་པའེ་ཅིན་ཧན་ཕོ་བྲང་གི་ཉི་གཡབ་ཐོག་མང་ཚོགས་དང་ཐུག་འཕྲད་བྱས་ཡོད།

 

 

     ཁྲི་གསོལ་མཛད་སྒོ་འཚོག་ཉེར་ཡོད་པའི་སྤྱི་ཚེས་2ཉིན། སྐྱེས་པ་ཞིག་གིས་ཕོ་བྲང་པེ་ཅིན་ཧན་གྱི་ཕྱི་རོལ་དུ་འབར་རྫས་དབྱུགས་པས་འཛིན་བཟུང་བྱས་ཡོད་པ་དང་། བདེ་འཇགས་འགན་ལེན་བྱ་ཆེད། ད་ཐེངས་ཁྲི་གསོལ་མཛད་སྒོའི་བདེ་སྲུང་ཆུ་ཚད་དེ་ན་ནིང་གི་རྒྱལ་མོའི་འདས་མཆོད་དང་གཅིག་མཚུངས་ཡིན་པ་དང་། ལོན་ཏུན་ཧྲིལ་པོར་བདེ་སྲུང་མི་སྣ་ཁྲི་1.1དང་མི་མེད་གནམ་གྲུ་སོགས་བཀོད་སྒྲིག་བྱས་ཡོད་པས། དབྱིན་ཇིའི་ལོ་རྒྱུས་ཐོག་གི་བདེ་འཇགས་བྱ་སྤྱོད་གལ་ཆེ་ཤོས་ཡིན་ཞེས་བརྗོད་ཆོག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། སྒྲོལ་མ་མཚོ།

འཛམ་གླིང་སྐར་ཁུངས།

▶མི་འབུམ་1ལྷག་ཙམ་རང་རྒྱལ་ཁབ་ནས་ཁ་བྲལ་དགོས་བྱུང་འདུག

 སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་མ་གཞི་ནས་ཡུལ་གྱར་བ་དང་རྒྱལ་ཁོངས་ནང་གི་བུད་སྟོངས་ཡུལ་གྱར་བ་འབོར་ཆེན་བསྡུ་ལེན་བྱས་ཡོད་པས། རྒྱལ་ཁབ་དེ་དག་ལ་མ་དངུལ་མི་འདང་བའི་གནས་ཚུལ་ཚབས་ཆེན་པོ་ཡོད་པ་རེད།

中央广播电视总台 央广网 版权所有

▶​དབྱིན་ཇིས་ལོ་70སོང་རྗེས་སླར་ཡང་ཁྲི་གསོལ་མཛད་སྒོ་གཉེར་འདུག

ཁྲི་གསོལ་མཛད་སྒོ་འཚོག་ཉེར་ཡོད་པའི་སྤྱི་ཚེས་2ཉིན། སྐྱེས་པ་ཞིག་གིས་ཕོ་བྲང་པེ་ཅིན་ཧན་གྱི་ཕྱི་རོལ་དུ་འབར་རྫས་དབྱུགས་པས་འཛིན་བཟུང་བྱས་ཡོད་པ་དང་། བདེ་འཇགས་འགན་ལེན་བྱ་ཆེད། ད་ཐེངས་ཁྲི་གསོལ་མཛད་སྒོའི་བདེ་སྲུ