ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶མི་འབུམ་1ལྷག་ཙམ་རང་རྒྱལ་ཁབ་ནས་ཁ་བྲལ་དགོས་བྱུང་འདུག

2023-05-08 10:18:00     责编:娜科

     ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5ཚེས་3ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་དོ་དམ་ལས་ཁུངས་ཀྱིས་སྙན་ཞུ་སྤེལ་ནས་སུའུ་ཏན་གདོང་ཐུག་གིས་བཟོས་པའི་མི་ཆོས་ཉམས་ཉེན་རྒྱུན་མཐུད་ཚབ་ཆེར་འགྲོ་བཞིན་ཡོད་པ་བསྟན་ཡོད། ཚོད་རྩིས་བྱས་པ་ལྟར་ན་མིག་སྔར་མི་འབུམ་1ལྷག་ཙམ་སུའུ་ཏན་ནས་ཁྱིམ་མཚེས་རྒྱལ་ཁབ་ཏུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།

 མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་དོ་དམ་ལས་ཁུངས་དང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མཉམ་ལས་རོགས་ཟླའི་ཐོག་མའི་དཔྱད་དཔོག་ལ་གཞིགས་ན། སྔོན་དཔག་ལྟར་ན་ཡུལ་གྱར་བ་དང་ཡུལ་དུ་ལོག་མཁན་མི་འབུམ་8ལྷག་སུའུ་ཏན་ནས་ཁྱིམ་མཚེས་རྒྱལ་ཁབ་ཏུ་འབྲོ་སྲིད། དེའི་ཁྲོད་དུ་སུའུ་ཏན་གྱི་མི་འབུམ་6ཙམ་དང་། ད་དུང་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་དང་སུའུ་ཏན་གྱིས་དེ་སྔོན་བསྡུ་ཉར་བྱས་པའི་ཡུལ་གྱར་བ་གཞན་འབུམ་2ལྷག་འདུས་ཡོད།

  སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་མ་གཞི་ནས་ཡུལ་གྱར་བ་དང་རྒྱལ་ཁོངས་ནང་གི་བུད་སྟོངས་ཡུལ་གྱར་བ་འབོར་ཆེན་བསྡུ་ལེན་བྱས་ཡོད་པས། རྒྱལ་ཁབ་དེ་དག་ལ་མ་དངུལ་མི་འདང་བའི་གནས་ཚུལ་ཚབས་ཆེན་པོ་ཡོད་པ་རེད།

     མིག་སྔའི་བར་དུ་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁོངས་བརྒལ་བའི་འགྲོ་སྐྱོད་ནི་ཛ་ཏེ་དང་ཨེ་ཅིབ་ཏུ་འགྲོ་བའི་སུའུ་ཏན་གྱི་ཡུལ་གྱར་བ་དང་། དེ་བཞིན་སུའུ་ཏན་ལྷོ་མར་ཕྱིར་ལོག་མཁན་གྱི་སུའུ་ཏན་ལྷོ་མའི་ཡུལ་གྱར་བ་ཡིན། ཛ་ཏེ་དང་སུའུ་ཏན་ལྷོ་མར་འགྲོ་མཁན་ཡུལ་གྱར་བ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག བཀྲ་ཤིས་བཟང་པོ།

ཡིག་སྒྱུར། ཀླུ་འབུམ། 

འཛམ་གླིང་སྐར་ཁུངས།

ཨུ་རུ་སུས་ཨ་རི་ནི་ལྐོག་ཇུས་འདོན་མཁན་གཙོ་བོ་རེད་ཅེས་བཤད་འདུག

ཁོ་པེ་ཡིས་ད་དུང་ཨ་རིའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེའི་ལྐོག་ཇུས་འདོན་མཁན་སུ་ཡིན་གསལ་པོ་ཤེས་ཀྱི་མེད་མོད། འོན་ཀྱང་ཆ་འཕྲིན་མང་པོ་བསྡུ་རུབ་བྱེད་བཞིན་ཡོད་ཅེས་བཤད་ཡོད།

中央广播电视总台 央广网 版权所有

▶མི་འབུམ་1ལྷག་ཙམ་རང་རྒྱལ་ཁབ་ནས་ཁ་བྲལ་དགོས་བྱུང་འདུག

 སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་མ་གཞི་ནས་ཡུལ་གྱར་བ་དང་རྒྱལ་ཁོངས་ནང་གི་བུད་སྟོངས་ཡུལ་གྱར་བ་འབོར་ཆེན་བསྡུ་ལེན་བྱས་ཡོད་པས། རྒྱལ་ཁབ་དེ་དག་ལ་མ་དངུལ་མི་འདང་བའི་གནས་ཚུལ་ཚབས་ཆེན་པོ་ཡོད་པ་རེད།