ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶པའེ་ཏེང་2024ལོའི་ཙུང་ཐུང་འགྲན་འདེམས་ནང་ཞུཊ་རྒྱུ་ཁྱབ་བསྒྲཊ་བྱས།

2023-04-30 10:32:00     责编:娜科

      སྤྱི་ཚེས་25ཉིན།  ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཁོང་སྤྱི་ལོ་2024ལོའི་ཙུང་ཐུང་འདེམས་བསྐོའི་འགྲན་རྩོད་ནང་ཞུགས་ནས་བསྟུད་མར་འགན་ཁུར་ཐབས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག

     སྤྱི་ཟླ་4ཚེས་25ཉིན་ནི་པའེ་ཏེང་གིས་སྤྱི་ལོ་2019ལོར་སྤྱི་ལོ་2020ལོའི་ཙུང་ཐུང་འགྲན་འདེམས་ཁྲོད་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་ལོ་4འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ཞིང་། ཚོགས་པས་ཆེད་མངགས་དེ་ཉིན་བདམས་ཏེ་འགྲན་འདེམས་ཁྲོད་ཞུགས་ནས་བསྟུད་མར་འགན་ཁུར་ཐབས་བྱ་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། དུས་ཡུན་སྐར་མ་3ཙམ་གྱི་བརྙན་མཐོང་ཞིག་གི་ནང་པའེ་ཏེང་གིས་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཁོ་རང་གིས་དུས་ཚོད་དེ་བས་མང་བ་སྤྱད་དེ་ཨ་རིའི་དམངས་གཙོ་སྲུང་སྐྱོང་གི་འགན་ཁུར་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད།

     བརྙན་མཐོང་དེ་སྤྱི་ལོ་2021ལོའི་ཟླ་1ཚེས་6ཉིན་རྒྱལ་ཚོགས་ཐོག་ཁང་ལ་འགོག་རྒོལ་བྱེད་པའི་བརྙན་མཐོང་ནས་འགོ་བརྩམས་ཡོད་པ་དང་། པའེ་ཏེང་གིས་བརྙན་མཐོང་ནང་རང་ཉིད་ལོ་བཞིའི་གོང་ཙུང་ཐུང་འགྲན་འདེམས་ནང་ཞུགས་སྐབས། ཁོང་གིས་ང་ཚོས་ཨ་རིའི་བླ་སྲོག་གི་ཆེད་དུ་འཐབ་ཀྱི་ཡོད་ཅེས་བཤད་ཡོད་ལ། ད་ལྟ་སྔར་བཞིན་དེ་འདྲ་རེད་ཅེས་དང་། ད་ལྟ་ཁེངས་དྲེགས་བྱེད་པའི་དུས་མ་རེད། འདི་ནི་ང་རང་གིས་འགན་གནས་བསྟུད་འཛིན་བྱེད་འདོད་པའི་རྒྱུ་མཚན་ཡང་ཡིན། ང་ཚོས་འགན་འཁྲི་འདི་ལེགས་སྒྲུབ་བྱེད་པ་དང་། ང་ཚོས་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་འདུག

     པའེ་ཏེང་གིས་སླར་ཡང་ད་ལྟའི་ཙུང་ཐུང་གཞོན་པ་ཧ་ལི་སི་འགྲན་འདེམས་རོགས་པར་གདམ་རྒྱུ་ཡིན་པ་རེད།

     ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏེང་ལ་དམངས་གཙོ་ཏང་ནང་ཁུལ་དུ་འགྲན་རྩོད་བྱེད་མི་སྲིད་པ་དང་། དམངས་གཙོ་ཏང་མི་རྒན་རབས་ཚོའི་ཁྲོད་ཁོང་ལ་འགྲན་རྩོད་བྱེད་འདོད་མཁན་མེད་པ་མངོན་ཞིང་། པའེ་ཏེང་གི་འགྲན་ཡ་ནི་སྤྱི་མཐུན་ཏང་དུ་ཡོད་པ་རེད།

 

     པའེ་ཏེང་ད་ལོ་ལོ་80ཡིན་ཞིང་། ད་བར་ཨ་རིའི་ལོ་རྒན་ཤོས་ཀྱི་ཙུང་ཐུང་དེ་རེད།  ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏེང་གིས་ཡང་བསྐྱར་ཙུང་ཐུང་འགྲན་འདེམས་ཁྲོད་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་ནི་དམངས་གཙོ་ཏང་ལ་མཚོན་ན་ཉེན་ཁ་ཆེ་བའི་རྒྱན་འཛུགས་ཤིག་ཡིན་པ་དང་། ཨ་རི་བ་ཚོས་ཁོ་རང་ལ་ཡང་བསྐྱར་ལོ་བཞིའི་གོ་སྐབས་སྤྲོད་འདོད་ཡོད་མེད་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུ་དང་ཨ་རིས་དམག་དོན་ཐོག་ནས་འགྲན་རྒོལ་བྱེད་པའི་ཉེན་ཁ་་་

ན་ནིང་ཟླ་8པར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུ་གནས་སྐབས་ 《འཐབ་ཇུས་གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ》 ནང་གི་སྒྲིག་བཀོད་ཞིབ་དཔྱད་ལམ་སྲོལ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།

中央广播电视总台 央广网 版权所有

▶པའེ་ཏེང་2024ལོའི་ཙུང་ཐུང་འགྲན་འདེམས་ནང་ཞུཊ་རྒྱུ་ཁྱབ་བསྒྲཊ་བྱས།

པའེ་ཏེང་ད་ལོ་ལོ་80ཡིན་ཞིང་། ད་བར་ཨ་རིའི་ལོ་རྒན་ཤོས་ཀྱི་ཙུང་ཐུང་དེ་རེད། ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པའེ་ཏེང་གིས་ཡང་བསྐྱར་ཙུང་ཐུང་འགྲན་འདེམས་ཁྲོད་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་ནི་དམངས་གཙོ་ཏང་ལ་མཚོན་ན