ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶བྱང་ཁོ་རེ་ཡས་སྐར་ཆ་གཅིག་ནང་འཕུར་མདེལ་འདིའི་ཁ་ཕྱེ་ཐུབ་ཡོད་པ།

2023-04-19 11:02:00     责编:娜科

 

 

     སྤྱི་ཟླ་4ཚེས་13ཉིན། བྱང་ཁོ་རེ་ཡས་མེ་སྟག་མེ་སྒྱོགས་-18རྟགས་ཅན་གྱི་གླིང་ཆེན་བརྒལ་བའི་འཕུར་མདེལ་ཚོད་གཏོང་ལེགས་གྲུབ་བྱུང་ཡོད་ཅིང་། སྐར་ཆ་གཅིག་ནང་འཕུར་མདེལ་གྱི་ཁ་ཕྱེ་ཐུབ་ཡོད།

     སྤྱི་ཚེས་13ཉིན། བྱང་ཁོ་རེ་ཡས་སྲ་གཟུགས་འབར་རྫས་བླུགས་པའི་མེ་སྟག་མེ་སྒྱོགས།-18་རྟགས་ཅན་གྱི་གླིང་ཆེན་བརྒལ་བའི་འཕུར་མདེལ་གསར་པ་ཚོད་གཏོང་ལེགས་གྲུབ་བྱུང་ཡོད་ཅིང་། འཕུར་མདེལ་དེ་འཐབ་ཇུས་དྲག་ཆས་སྟོབས་ཤུགས་ཀྱི་འབྱུང་འགྱུར་གྱི་གཙོ་ཤུགས་དམག་ལ་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།

     གནས་ཚུལ་སྤེལ་བར་གཞིགས་ན། ད་རེས་ཚོད་གཏོང་བྱེད་དོན་ནི་ཤུགས་ཚད་ཆེ་བའི་སྲ་གཟུགས་རིམ་མང་སྒུལ་བྱེད་འཕྲུལ་འཁོར་གྱི་ནུས་པ་དང་། མཐུད་རིམ་ཁ་གྱེས་ལག་རྩལ།  བྱེད་ལས་རང་བཞིན་གྱི་ཚོད་འཛིན་མ་ལག་སྣ་ཚོགས་ཀྱི་བློས་འགེལ་རང་བཞིན་བཅས་གཏན་འཁེལ་བྱེད་པ་དང་འབྲེལ། འཐབ་ཇུས་གོ་མཚོན་མ་ལག་གསར་པའི་དམག་དོན་ཕན་ནུས་རང་བཞིན་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དེ་རེད། ཚོད་ལྟའི་འབྲས་བུ་ལྟར་ན་འཐབ་ཇུས་མཚོན་ཆ་མ་ལག་གི་ཞུགས་གྲངས་ཁག་ཚང་མ་ཇུས་འགོད་ཀྱི་བླང་བྱའི་ཚད་ལ་སླེབས་ཡོད་པ་རེད། ད་ཐེངས་ཀྱི་ཚོད་གཏོང་གི་རིམ་པ་དང་པོར་ཚད་ལྡན་གྱི་མདེལ་ལམ་འཕུར་སྐྱོད་བྱེད་སྟངས་སྤྱད་པ་དང་། རིམ་པ་གཉིས་པ་དང་གསུམ་པ་ནི་ཟུར་མཐོ་བའི་བྱེད་སྟངས་སྤྱད་ཡོད། གླིང་ཆེན་བརྒལ་བའི་འཕུར་མདེལ་གསར་པ་ཁ་གྱེས་པའི་རིམ་པ་དང་པོ་དང་གཉིས་པ་སོ་སོ་ཤར་རྒྱུད་སྐམ་སར་ཉེ་བའི་མཚོ་ཁོངས་དང་ཤར་རྒྱུད་མཚོ་ཁོངས་ཁོངས་སུ་བདེ་འཇགས་ངང་ལྷུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། ཨ་བསྟན།

འཛམ་གླིང་སྐར་ཁུངས།

▶ལོ་80ལ་སླེབས་པའི་པའེ་ཏེང་2024ལོར་མུ་མཐུད་ཙུང་ཐུང་་་

ལུའུ་ཐུའུ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། པའེ་ཏེང་གི་ལག་རོགས་དང་མནའ་གྲོགས་ཀྱིས་འདེམས་འགྲན་ནང་ཞུགས་པའི་གྲ་སྒྲིག་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་མ་དངུལ་གྲབས་གསོག་གི་སྒྲིག་གཞི་འཛུགས་འགོ་ཚུགས་ཡོད།

中央广播电视总台 央广网 版权所有

▶བྱང་ཁོ་རེ་ཡས་སྐར་ཆ་གཅིག་ནང་འཕུར་མདེལ་འདིའི་ཁ་ཕྱེ་ཐུབ་ཡོད་པ།

ད་རེས་ཚོད་གཏོང་བྱེད་དོན་ནི་ཤུགས་ཚད་ཆེ་བའི་སྲ་གཟུགས་རིམ་མང་སྒུལ་བྱེད་འཕྲུལ་འཁོར་གྱི་ནུས་པ་དང་། མཐུད་རིམ་ཁ་གྱེས་ལག་རྩལ། བྱེད་ལས་རང་བཞིན་གྱི་ཚོད་འཛིན་མ་ལག་སྣ་ཚོགས་ཀྱི་བློས་འགེལ་རང་བཞིན་བཅས་གཏན་འཁེལ་བྱེད་པ་དང་འབྲེལ།