ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶འཛམ་གླིང་ཐོག་བུད་མེད་གཟུཊ་རིང་ཤོས་དེ་གནམ་གྲུར་སྡོད་སྐབས་་་

2022-11-09 09:47:00     责编:娜科

       མིག་སྔར་འཛམ་གླིང་ཐོག་གི་བུད་མེད་གཟུགས་རིང་ཤོས་ལུའུ་མེ་དབྱི་ཧྲ·ཀའེ་ཨར་ཅི་ཉེ་ཆར་གནམ་གྲུར་ཐེངས་དང་པོར་བསྡད་ཡོད་ཅིང་། ཁོང་མོ་གནམ་གྲུར་བདེ་བླག་ངང་སྡོད་ཐུབ་ཆེད། མཁའ་འགྲུལ་ཀུང་སིས་ཆེད་མངགས་གནམ་གྲུའི་རྐུབ་སྟེགས་དྲུག་མེད་པ་བཟོས་ཡོད།

      ཀའེ་ཨར་ཅི་ནི་སྤྱི་ལོ་1997ལོར་སྐྱེས་ཤིང་ཐུར་ཁེ་ནས་ཡིན་པ་རེད། སྤྱི་ལོ་2021ལོར་གཟུགས་པོའི་རིང་ཚད་ལ་སྨི་2.15ཡི་ཐོག་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་བྱུང་ནས་འཛམ་གླིང་ཐོག་ད་ཡོད་ཀྱི་བུད་མེད་གཟུགས་རིང་ཤོས་སུ་གྱུར།  ཨ་རིའི་ཚོང་ལས་དྲ་ཚིགས་ཤིག་ཐོག་སྤྱི་ཚེས་6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་མོར་མཐོང་དཀོན་པའི་རྒྱུད་རྒྱུ་ཝེ་ཕུའུ་རྟགས་འདུས་ཞེས་པའི་ནད་ཡོད་པ་དང་གཟུགས་པོ་སྐྱེ་དྲགས་པས་འགྲོ་སྐྱོད་གཙོ་བོ་རྐུབ་སྟེགས་འཁོར་ལོར་བརྟེན་བཞིན་ཡོད་ལ། འགྲོ་སྐྱོད་རམ་འདེགས་འཕྲུལ་ཆས་ལ་བརྟེན་ནས་དུས་ཐུང་འགྲོ་སྐྱོད་ཐུབ་ཀྱི་ཡོད།

     ལོ་འདིའི་སྤྱི་ཟླ་9པར། ཀའེ་ཨར་ཅེ་ཐུར་ཁེའི་དབྱི་སི་ཐན་པུ་ནས་ཨ་རིའི་ཅིའུ་ཅིན་ཧྲན་དུ་མཉེན་ཆས་གསར་སྤེལ་ཟབ་སྦྱོང་ལ་བསྐྱོད། དེ་ནི་ཁོང་མོ་མི་ཚེ་གང་པོར་གནམ་གྲུར་བསྡད་ཐེངས་དང་པོ་དེ་ཡིན། ཁོང་མོས་ཆུ་ཚོད་13གྱི་ལམ་ཐག་ལྟོས་བཅས་ཀྱིས་སྐྱིད་སྣང་དོད་པའི་ངང་སྐྱེལ་ཐུབ་ཆེད། ཐུར་ཁེའི་མཁའ་འགྲུལ་ཀུང་སིས་ཆེད་མངགས་གནམ་གྲུའི་རྐུབ་སྟེགས་དྲུག་མེད་པར་བཟོས་ནས་དེའི་ཚབ་ཏུ་དམིགས་བསལ་གྱི་འདེགས་སྐྱོར་ཞིག་བྱས་ཏེ་ཁོང་མོ་ཉལ་དུ་བཅུག་ཡོད་པ་རེད།

     ཀའེ་ཨར་ཅིས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་རང་ཉིད་གནམ་གྲུར་བསྡད་པའི་འདྲ་པར་མང་པོ་ཞིག་སྤེལ་ཡོད་ཅིང་། ཁོང་མོས་དེ་ནི་མགོ་མཇུག་བར་གསུམ་དུ་སྤྲོ་སྣང་ལྡན་པའི་ཡུལ་སྐོར་ཞིག་ཡིན་པ་བརྗོད་ཡོད།

     ཁོང་མོས་འདི་ནི་ང་རང་གནམ་གྲུར་བསྡད་དེ་ཡུལ་སྐོར་བྱེད་ཐེངས་དང་པོ་དེ་ཡིན་མོད།  འོན་ཀྱང་ཆེས་མཐའ་མ་དེ་གཏན་ནས་མིན་པ་གསལ་པོ་ཡིན་ཞེས་དང་། རང་ཉིད་ཀྱི་འགྲུལ་བཞུད་ལ་རོགས་རམ་བྱེད་མཁན་གྱི་མི་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བྲིས་ཡོད།

     ཀའེ་ཨར་ཅེར་སྤྱི་ལོ་2014ལོར་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་ཐེངས་དང་པོ་ཐོབ་པ་དང་། སྐབས་དེ་དུས་ཁོང་མོ་གཟུགས་པོའི་རིང་ཚད་ལ་སྨི་2.14ཡི་ཐོག་ནས་འཛམ་གླིང་ཐོག་བུ་མོ་རིང་ཤོས་སུ་ངོས་འཛིན་བྱས། གཞན་ཡང་ཁོང་མོའི་ལག་པ་ཡང་འཛམ་གླིང་སྟེང་གི་བུ་མོའི་ལག་པ་ཆེ་ཤོས་དང་། མཛུབ་མོ་དེ་འཛམ་གླིང་གི་བུ་མོའི་མཛུབ་མོ་རིང་ཤོས།  རྒྱབ་གཟུགས་ཀྱང་འཛམ་གླིང་གི་བུ་མོའི་རྒྱབ་གཟུགས་རིང་རང་ཤོས་བཅས་ཡིན་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག མིག་དམར་རྒྱ་མཚོ།  

ཡིག་སྒྱུར། སྒྲོལ་མ་མཚོ།

中央广播电视总台 央广网 版权所有

▶འཛམ་གླིང་ཐོག་བུད་མེད་གཟུཊ་རིང་ཤོས་དེ་གནམ་གྲུར་སྡོད་སྐབས་་་

སྐབས་དེ་དུས་ཁོང་མོ་གཟུགས་པོའི་རིང་ཚད་ལ་སྨི་2.14ཡི་ཐོག་ནས་འཛམ་གླིང་ཐོག་བུ་མོ་རིང་ཤོས་སུ་ངོས་འཛིན་བྱས། གཞན་ཡང་ཁོང་མོའི་ལག་པ་ཡང་འཛམ་གླིང་སྟེང་གི་བུ་མོའི་ལག་པ་ཆེ་ཤོས་དང་།