ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཕུའུ་ཅིང་གིས་ཨུ་རུ་སུས་ནུབ་ཕྱོཊ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་་་

2022-11-08 09:50:00     责编:娜科

ཕུའུ་ཅིང་གིས་ཨུ་རུ་སུས་ནུབ་ཕྱོཊ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པའི་རེ་ངན་མཐའ་གཅིག་ཏུ་འགོག་རྒྱུ་ཡིན་ཞེས་བཤད་པ།

 

 

 

     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་4ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པའི་རེ་ངན་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་ཡོད། 

      ཉིན་དེར། ཕུའུ་ཅིང་གིས་ཨུ་རུ་སུའི་ལོ་རྒྱུས་སློབ་ཚོགས་དང་ཨུ་རུ་སུའི་དམག་དོན་ལོ་རྒྱུས་སློབ་ཚོགས་བསྐྱར་སྐྲུན་བྱས་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་འུད་སྒྲོག་བྱས་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་འཕེལ་རིམ་དངོས་དང་སུའུ་ལེན་གྱི་ན་ཙིའི་འཇར་མན་ཕམ་པར་རྒྱག་པའི་ཐད་ཐོན་པའི་བྱེད་ནུས་བསུབ་ཐབས་བྱེད་པའི་རེ་ངན་འཆིང་བཞིན་ཡོད།  ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་རྒྱག་པའི་རེ་ངན་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། 

     ཕུའུ་ཅིང་གིས་ད་དུང་ཡུག་རེན་ལ་མཚོན་ཆ་མཁོ་འདོན་བྱེད་མཁན་དང་གླ་དམག་ཡུག་རེན་དུ་དྲངས་པའི་རྒྱལ་ཁབ་དེ་དག་ནི་ཡུག་རེན་མི་དམངས་ལ་སྙིང་རྗེ་གཏན་ནས་མེད་པ་ཞིག་རེད། ཁོ་ཚོས་ཡུག་རེན་བློས་གཏོང་བྱས་ཏེ། ཡུག་རེན་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་གཏན་ནས་མེད་པའི་ཁོ་ཚོ་རང་ཉིད་ཀྱི་ཁེ་ཕན་སྙེག་བཞིན་ཡོད་ཅེས་བཤད་འདུག 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གངས་ཕྲུག་བློ་རྒྱ། 

ཡིག་སྒྱུར། རིག་འཛིན་སྐྱིད། 

འཛམ་གླིང་སྐར་ཁུངས།

▶འཛམ་གླིང་ཐོག་བུད་མེད་གཟུཊ་རིང་ཤོས་དེ་གནམ་གྲུར་སྡོད་སྐབས་་་

སྐབས་དེ་དུས་ཁོང་མོ་གཟུགས་པོའི་རིང་ཚད་ལ་སྨི་2.14ཡི་ཐོག་ནས་འཛམ་གླིང་ཐོག་བུ་མོ་རིང་ཤོས་སུ་ངོས་འཛིན་བྱས། གཞན་ཡང་ཁོང་མོའི་ལག་པ་ཡང་འཛམ་གླིང་སྟེང་གི་བུ་མོའི་ལག་པ་ཆེ་ཤོས་དང་།

中央广播电视总台 央广网 版权所有

▶ཕུའུ་ཅིང་གིས་ཨུ་རུ་སུས་ནུབ་ཕྱོཊ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་་་

ཉིན་དེར། ཕུའུ་ཅིང་གིས་ཨུ་རུ་སུའི་ལོ་རྒྱུས་སློབ་ཚོགས་དང་ཨུ་རུ་སུའི་དམག་དོན་ལོ་རྒྱུས་སློབ་ཚོགས་བསྐྱར་སྐྲུན་བྱས་ནས་ལོ་10འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་།