ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

དབྱིན་ཇིས་ཧྭ་ཝེ་ཀུང་སིར་གསང་མྱུལ་མངགས་པ་དེ་བདེན་ནམ།

2022-01-19 10:56:00     责编:桑吉卓玛

དབྱིན་ཇིས་ཧྭ་ཝེ་ཀུང་སིར་གསང་མྱུལ་མངགས་པ་དེ་བདེན་ནམ།

 

       སྤྱི་ཟླ་1ཚེས་17ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་སྐབས། གསར་འགོད་པས། ཉེ་ཆར་སིང་ཀ་ཕོར་གྱི་དེ་སྔའི་ཕྱི་འབྲེལ་དཔོན་མ་ཁའེ་ཧྲོ་ཡིས་དབྱིན་ཇིའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་ཞིག་དབྱིན་ཇིས་ཧྭ་ཝེ་ཀུང་སིའི་ནང་ཁུལ་དུ་གསང་འཕྲིན་མི་སྣ་མངགས་ཏེ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་རྗེས། ཧྭ་ཝེ་ལ་འཇིགས་སྐུལ་གང་ཡང་མེད་པའི་ངོས་འཛིན་བྱས་མོད། འོན་ཀྱང་ཟླ་བ་ཁ་ཤས་སོང་རྗེས་དབྱིན་ཇིས་ཨ་རིའི་གནོན་ཤུགས་ཀྱི་རྐྱེན་པས་མགོ་འདོགས་བྱས་ཡོད་ཅེས་བརྗོད་པ་རེད། མིག་སྔའི་བར་དབྱིན་ཇིའི་གཞུང་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་སྤེལ་མེད། ཀྲུང་གོའི་ཕྱོགས་ནས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད། 

 

 

 

       ཀྲའོ་ལི་ཅན་གྱིས། ངས་ཀྱང་འབྲེལ་ཡོད་གནས་ཚུལ་ལ་དོ་སྣང་བྱུང་། ལྷན་རྒྱས་དང་འདྲ་བར་ངས་དབྱིན་ཇིའི་ཕྱོགས་ཀྱིས་དེའི་སྐོར་ལ་འགྲེལ་བཤད་ཇི་ལྟར་བྱེད་པར་ཉན་འདོད་ཡོད། ཉེ་ཆར་དབྱིན་ཇིའི་སྨྱན་སྦྱོར་གྱིས་དཔྱད་གཏམ་སྤེལ་ནས་དབྱིན་ཇིས་ཧྭ་ཝེར་བཀག་སྡོམ་བྱེད་པའི་གཏན་འབེབས་ལས་དབྱིན་ཇིའི་5Gཡི་འཛུགས་སྐྲུན་དམིགས་ཚད་ཆེས་ཆེར་འགོར་དུ་ཕྱིན་ཡོད། སྐབས་དེ་དུས་དབྱིན་ཇིའི་གྲངས་འཛིན་དང་རིག་གནས། སྨྱན་སྦྱོར། ལུས་རྩལ་བློན་ཆེན་བཅས་ཡིན་པའི་ཨའོ་ལི་ཕུའུ་ཏའོ་ཏེང་གིས་ཧྭ་ཝེ་ཡི་སྒྲིག་ཆས་སྤྱོད་མི་ཆོག་པ་བཟོས་པ་དེས་དབྱིན་ཇིའི་5Gའཛུགས་སྐྲུན་ལོ་2ནས་3བར་རྗེས་ལུས་ཐེབས་རྒྱུ་རེད་ཅེས་བརྗོད་ཡོད། དབྱིན་ཇིའི་ཉིའུ་ཅིན་ཞིབ་འཇུག་ཁང་གིས་བརྟག་དཔྱད་བྱས་པ་ལས་མངོན་པར། ཧྭ་ཝེ་ལྟ་བུའི་འགག་རྩའི་སྒྲིག་ཆས་མཁོ་འདོན་ཁེ་ལས་དབྱིན་ཇིའི་5Gརྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོམ་རར་ཞུགས་རྒྱུར་ཚོད་འཛིན་བྱས་ན། འབྱུང་འགྱུར་ལོ་བཅུའི་ནང་དབྱིན་ཇིའི་འབྲེལ་ཡོད་དྲ་རྒྱའི་བཀོད་སྒྲིག་མ་གནས་བརྒྱ་ཆ་9དང་བརྒྱ་ཆ་29མཐོ་རུ་འགྲོ་རྒྱུ་ཡིན་པ་རེད། དབྱིན་ཇི་ཕྱོགས་ཀྱི་མི་དང་སྟོབས་ཤུགས་འགའ་ཞིག་གིས་ཆབ་སྲིད་ཀྱི་སྒེར་ཕན་ལ་དམིགས་ཏེ་རྒྱལ་ཁབ་ཁ་ཤས་ལ་ངོ་དགའ་བསྟུན་ཐབས་བྱས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་སྣང་མེད་དུ་བཏང་བ་དང་ཀྲུང་གོའི་ཆེད་བཙུགས་ཁེ་ལས་ལ་གནོན་ཤུགས་སྤྲད་མོད། འོན་ཀྱང་རྒྱལ་ཁབ་དེ་གའི་མང་ཚོགས་ལ་5Gམཐོ་གསར་ཚན་རྩལ་མཇུག་འབྲས་སྤྱོད་པའི་གོ་སྐབས་ཤོར་དུ་བཅུག་ཡོད། དེ་ནི་གཞན་ལ་གནོད་ཅིང་རང་ལ་ཕན་པ་གང་ཡང་མེད་པ་ཞིག་རེད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ། 

 

 

འཛམ་གླིང་སྐར་ཁུངས།

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་

中央广播电视总台 央广网 版权所有

དབྱིན་ཇིས་ཧྭ་ཝེ་ཀུང་སིར་གསང་མྱུལ་མངགས་པ་དེ་བདེན་ནམ།

ཉེ་ཆར་སིང་ཀ་ཕོར་གྱི་དེ་སྔའི་ཕྱི་འབྲེལ་དཔོན་མ་ཁའེ་ཧྲོ་ཡིས་དབྱིན་ཇིའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་ཞིག་དབྱིན་ཇིས་ཧྭ་ཝེ་ཀུང་སིའི་ནང་ཁུལ་དུ་གསང་འཕྲིན་མི་སྣ་མངགས་ཏེ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་རྗེས། ཧྭ་ཝེ་ལ་འཇིགས་སྐུལ་གང་ཡང་མེད་པའི་