ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐེ་རོན་ཕུ་གཏུག་བཤེར་བྱས་འདུག

2022-01-06 16:59:00     责编:娜科

ཐེ་རོན་ཕུས་རྒྱལ་ཚོགས་ཁང་ཆེན་ཟིང་ཆའི་གྱོང་གུན་ལ་གུན་གསབ་སྤྲོད་དགོས་པའི་ཞུ་གཏུག་བྱས་པ།


རྒྱུ་ཆའི་པར་རིས།

    ཧྥུ་སྦུ་སི་གསར་འགྱུར་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན།  ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ་1ཚེས་4ཉིན་ཨ་རིའི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཉེན་རྟོག་པ་མ་ཁུའུ་སི་མོའར་ (Marcus J. Moore) གྱིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ས་གནས་ཁྲིམས་ཁང་དུ་དེ་སྔའི་ཙུང་ཐུང་ཐེ་རོན་ཕུས་ན་ནིང་སྤྱི་ཟླ་1ཚེས་6ཉིན་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཟིང་ཆའི་ཁྲོད་ལུས་སེམས་གཉིས་ལ་གནོད་འཚེ་ཕོག་པར་ཨ་སྒོར་75000ལྷག་གི་གུན་གསབ་སྤྲོད་དགོས་པའི་རེ་བ་བཏོན་པ་དང་། དེ་ནི་ཐེ་རོན་ཕུའི་ཟིང་སློང་ངན་སྐུལ་བྱ་སྤྱོད་ལས་བཟོས་པ་ཞིག་རེད་ཅེས་བཤད་པ་རེད།

རྒྱུ་ཆའི་པར་རིས།

    གཏུག་བཤེར་དེ་ནི་ཐེ་རོན་ཕུས་གཏུམ་སྤྱོད་ཟིང་སློང་ལ་བཀོད་འདོམས་དང་། རོགས་འདེགས། ངན་སྐུལ་སོགས་བྱས་ནས་སྒྲིག་ལམ་ལ་གཏོར་བརླག་བྱེད་པའི་བྱེད་སྤྱོད་སྤེལ་བའི་སྐྱོན་འདོན་ཞུ་གཏུག་བྱས་པ་ཞིག་རེད། ཁོ་པས་ཙུང་ཐུང་འདེམས་བསྐོའི་མཇུག་འབྲས་ཐད་ཀྱི་རྩོད་གཞི་དང་དྲག་ཤུགས་ལ་བརྩིབ་བཀུར་དང་ལྕག་སྐུལ་བྱེད་པའི་གཏམ་བརྗོད་ཐོག་ནས་རྒྱལ་ཚོགས་ཀྱི་ཐོག་ཁང་དུ་ཟིང་ཆའི་དོན་རྐྱེན་བཟོས་ཡོད་ཅེས་བཤད་པ་རེད།

   གཏུག་བཤེར་ནང་བསྟན་དོན། ཟིང་ཆ་ཐོན་རིང་མོའོ་འར་རྒྱལ་ཚོགས་ཐོག་ཁང་ཆེན་མོར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཐེ་རོན་ཕུའི་རྒྱབ་སྐྱོར་པ་ལས་གཡོལ་རྩིས་བྱས་ཡོད་ཅིང་ཟིང་འཁྲུག་སློང་མཁན་གྱི་འོད་མདེལ་གྱིས་གནས་སྐབས་སུ་མིག་དབང་ཉམས་པར་བྱས་པ་མ་ཟད་གྱང་ངོས་སུ་མནན་པས་དབུགས་རྔུབ་ལེན་དཀའ་བའི་གནས་སུ་གྱར་ཏེ། དུས་ཡུན་ཅུང་རིང་པོར་སེམས་ནད་གྱིས་མནར་པ་རེད།

    ཨ་རིའི་རྒྱལ་ཁབ་སྤྱི་པའི་རླུང་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་སྤྱི་ཟླ་1ཚེས་6ཉིན་གྱི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཟིང་སློང་ཁྲོད་རྒྱལ་ཚོགས་ཐོག་ཁང་ཆེན་མོར་ཨ་སྒོར་ཁྲི་100ལྷག་གི་གྱོང་གུན་ཐེབས་ཡོད། ད་བར་གཏུམ་སྤྱོད་ཅན་700ལྷག་ཙམ་ལ་འཇབ་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་ཐོག་སྐྱོན་འདོན་ཞུ་གཏུག་བྱས་པ་དང་། མི་50ལྷག་ཙམ་ལ་སྡེ་ཁུལ་དུ་ཞབས་ཞུ་བྱེད་པ་དང་བཙོན་འཇུག་སོགས་ཀྱི་ཉེས་ཆད་རིམ་གཅོད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། བསྟན་རྒྱམ།

འཛམ་གླིང་སྐར་ཁུངས།

▶ས་འདིར་ཁ་བ་ཆེན་པོ་བབས་ཏེ་མི་22རྐྱེན་ལམ་དུ་ཤོར་འདུག

ཕྱོགས་གཞན་ཞིག་ནས། དུས་གཅིག་ལ་ཡུལ་སྐོར་དུ་སྐྱོད་མཁན་མང་བས་ས་གནས་དེའི་མགྲོན་ཁང་མ་འདང་བ་དང་། མི་མང་པོ་ཞིག་གིས་རླངས་འཁོར་ནང་དྲོད་རླངས་བཏང་སྟེ་མཚན་སྐྱེལ་བས་མི་ལ་ལར་དབྱང་གཅིག་ཐན་རྫས་ཀྱི་དུག་ཕོག་སྟེ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། དེ་མིན་ས་གནས་དེ་གའི་གྲོང་མི་ཚོར་ཡང་གནད་དོན་ཚབས་

中央广播电视总台 央广网 版权所有

ཐེ་རོན་ཕུ་གཏུག་བཤེར་བྱས་འདུག

ཨ་རིའི་རྒྱལ་ཁབ་སྤྱི་པའི་རླུང་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་སྤྱི་ཟླ་1ཚེས་6ཉིན་གྱི་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཟིང་སློང་ཁྲོད་རྒྱལ་ཚོགས་ཐོག་ཁང་ཆེན་མོར་ཨ་སྒོར་ཁྲི་100ལྷག་གི