ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཧ་སག་སི་ཐན་གྱི་ངོ་རྒོལ་ཟིང་ཆའི་ཁྲོད་མི་2000ལྷག་བཟུང་བ་དང་་་་

2022-01-10 09:07:00     责编:娜科

     ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།ཧ་སག་སི་ཐན་གྱི་ནང་སྲིད་པུས་ཚེས་6ཉིན། གཞི་ཁྱོན་ཆེ་བའི་ཟིང་ཆ་སློང་མཁན་དང་གདོང་ཐུག་བྱུང་བའི་ཁྲོད་ཧ་སག་སི་ཐན་གྱི་ཁྲིམས་འཛིན་མི་སྣ་18རྐྱེན་ལམ་དུ་ཤོར་ཡོད་པར་བརྗོད།

 

      ཧ་སག་སི་ཐན་གྱི་སྨྱན་སྦྱོར་ Tengrinews ཡིས་རྒྱལ་ཁབ་ཀྱི་ནང་སྲིད་པུའི་བཤད་ཚུལ་དྲངས་ནས་བརྗོད་དོན།ཁྲིམས་འཛིན་མི་སྣ་ 18 རྐྱེན་ལམ་དུ་ཤོར་བ་དང་ཉེན་རྟོག་པ་དང་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་དམག་མི་ 748 ལྷག་རྨས་སྐྱོན་ཕོག་ཅིང་།  ཟིང་འཁྲུག་བཀག་འགོག་གི་བྱ་འགུལ་ཁྲོད་དུ་མི་ 2298 བཀག་སྐྱིལ་བྱས་ཡོད།

      རེས་གཟའ་ཕུར་བུའི་སྔ་དྲོའི་དུས་སུ་ཧ་སག་སི་ཐན་གྱི་གྲོང་ཁྱེར་ཆེ་ཤོས་ཨ་ལ་མུའུ་ཐུའུ་ཡི་གཏུམ་སྤྱོད་མཉམ་འགོག་བཀོད་འདོམས་པུའུ་ཡིས།གྲོང་ཁྱེར་དེ་རུ་བྱུང་བའི་དྲག་སྤྱོད་ཟིང་འཁྲིག་ཁྲོད་ཁྲིམས་འཛིན་མི་སྣ་ 13 རྐྱེན་ལམ་དུ་ཤོར་བ་དང་།དེ་ལས་ཁྲིམས་འཛིན་མི་སྣ་ 2 ལ་གཏུམ་སྤྱོད་པ་དག་གིས་མགོ་བོ་བཅད་ནས་བསད་ཅེས་བརྗོད་ཡོད་པ་རེད།

    དུས་བབ་ཇེ་སྡུག་ཏུ་ཕྱིན་པས།སྤྱི་པའི་བདེ་འཇགས་ལ་འགན་ལེན་དང་།བཅའ་ཁྲིམས་དང་སྒྲིག་ལམ་སླར་གསོ།སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད།ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ཡིས་མན་ཀེ་སི་ཐའོ་མངའ་སྡེ་དང་ཨ་ལ་མུའུ་ཐུའུ་གྲོང་ཁྱེར་གཉིས་ཀ་ཟླ་1ཚེས་5ཉིན་གྱི་ཐོ་རེངས་ཆུ་ཚོད་1དང་སྐར་མ་30ཡི་ཐོག་ནས་བཟུང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་(紧急状态)ཁྱབ་བསྒྲགས་བྱས་ཤིང་།ཉེན་ཁའི་གནས་སུ་ལྷུང་ཡོད་པའི་རྣམ་པ་དེ་ཟླ་1ཚེས་19ཉིན་གྱི་ཆུ་ཚོད་0པར་མཇུག་སྒྲིལ་བ་རེད།

 

      ཟླ་འདིའི་ཚེས་ 1 ཉིན་ནས་བཟུང་།ཧ་སག་སི་ཐན་དུ་གཞི་ཁྱོན་ཆེ་བའི་རྒོལ་གཏམ་གཏོང་བའི་རྔམ་སྟོན་བྱ་འགུལ་བྱུང་ཞིང་།གནས་ཚུལ་དེ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་དེའི་གཤེར་གྱུར་རང་བྱུང་སོལ་རླངས་ཀྱི་རིན་གོང་ཆེས་ཆེར་འཕར་ཡོད་པས་ཡིན་ལ། ཧ་སག་སི་ཐན་སྲིད་གཞུང་གིས་བརྟག་དཔྱད་བྱས་ཏེ་གཤེར་གྱུར་རང་བྱུང་སོལ་རླངས་ཀྱི་རིན་གོང་ཇེ་དམའ་རུ་བཏང་ཡོད་མོད། འོན་ཀྱང་རྒོལ་གཏམ་གཏོང་བའི་རྔམ་སྟོན་བྱ་འགུལ་མཚམས་མ་ཆད་པར་བྱུང་སྟེ་ཇེ་སྡུག་ཏུ་ཕྱིན་པའི་གནས་ཚུལ་ཐོན་པ་རེད།

      ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས། ཆ་འཕྲིན་ལ་རྒྱུས་ཡོད་མཁན་ཞིག་གིས་བཤད་དོན། ཧ་སག་སི་ཐན་ལ་རྒྱུན་སྡོད་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་པས་མིག་སྔའི་དུས་བབ་དང་དབང་འཛིན་ལས་ཁུངས་ཀྱིས་དུས་བབ་བརྟན་ལྷིང་ཡོང་པར་སྤྱད་པའི་བྱེད་ཐབས་སྐོར་གྱི་གནས་ཚུལ་གསལ་བཤད་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་སྤྲད་ཟིན་པ་ཡིན། གསལ་བཤད་དེའི་ནང་དུ་སྲིད་གཞུང་གི་ཐོག་ཁང་ཆེན་མོ་དང་གནམ་ཐང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན། མེ་མདའ་ཚོང་ཁང་བཅས་ལ་འཇབ་རྒོལ་བྱས་པ་ལས། ཇུས་གཞི་འདོན་མཁན་གྱི་བྱ་འགུལ་ཇུས་འགོད་ཀྱི་ངོ་བོ་མངོན་ཐུབ་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད། གསལ་བཤད་ཡིག་ཆ་དེའི་ནང་དུ་ད་དུང་རྒོལ་གཏམ་དང་རྔམ་སྟོན་གང་ཞིག་ཀྱང་ཁྲིམས་འཛིན་མི་སྣ་གསོད་པའི་རྒྱུ་མཚན་དུ་བརྩི་མི་རུང་ཞེས་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ཞུ་དག བློ་བཟང་རྒྱ་མཚོ།
ཡིག་སྒྱུར། བྱམས་མཚོ།

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

▶ཧ་སག་སི་ཐན་གྱི་ངོ་རྒོལ་ཟིང་ཆའི་ཁྲོད་མི་2000ལྷག་བཟུང་བ་དང་་་་

ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས། ཆ་འཕྲིན་ལ་རྒྱུས་ཡོད་མཁན་ཞིག་གིས་བཤད་དོན། ཧ་སག་སི་ཐན་ལ་རྒྱུན་སྡོད་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་པས་མིག་སྔའི་དུས་བབ་དང་དབང་འཛིན་ལས་ཁུངས་ཀྱིས་དུས་བབ་བརྟན་ལྷིང་ཡོང་པར་སྤྱད་པའི་བྱེད་ཐབས་སྐོར་གྱི་གནས་ཚུལ་གསལ་བཤད་དེ་