ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རིས་ཁོ་སུའོ་ཨོའི་དམག་འཁྲུག་ཁྲོད་དུ་ཡིའུ་མདེལ་31000འཕངས་པ།

2021-04-11 16:00:00     责编:nake

  

  

  

  

  ཟླ་4ཚེས་9ཉིན《ཨ་རིའི་ཕྱི་ཕྱོགས་བཙན་འཛུལ་དམག་འཁྲུག་གིས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་བཟོས་པ》ཞེས་པ་སྤེལ་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།1945ལོའི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་བ་ནས་2001ལོའི་བར། འཛམ་གླིང་གི་ས་ཁུལ་153དུ་དྲག་པོའི་གདོང་ཐུག་ཐེངས་248ཐོན་པ་དང་དེའི་ནང་ཨ་རིས་གྲོས་འགོ་བཏོན་ཏེ་བྱུང་བའི་དམག་འཁྲུག་201ཡོད་པ་རེད།

  

  དེའི་ཁྲོད་དུ། “མི་བསད་ཀྱང་ཁྲག་མི་མཐོང་”ཞེས་ཤོད་ཚུལ་ཡོད་པའི་ཡིའུ་མདེལ་ཨ་རིའི་ཕྱི་ཕྱོགས་དམག་འཁྲུག་ཁྲོད་དུ་རང་སྣང་གང་ཤར་གྱིས་བེད་སྤྱོད་བྱས་ཡོད། ཁོ་སུའོ་ཨོའི་དམག་འཁྲུག་གི་རྗེས་སུ་ཁོ་སུའོ་ཨོའི་ཉེ་འགྲམ་གྱི་ཕུའུ་ལ་ཉེ་གྲོང་ཁྱེར་གྱི་མི་འབོར་གློ་བུར་ཉུང་དུ་ཕྱིན་པ་དང་། སར་པི་ཡའི་རྒྱལ་ཁབ་ཀྱི་ལོ་1ནས་5བར་གྱི་ཕྲུ་གུར་ཕྱིའི་སྦྲུམ་རིམ་སྐྲན་ནད་དང་། ལོ་5ནས་9བར་ལ་ཁྲག་རྨེན་གྱི་ནད་ཚབས་ཆེན། ཡང་ལོ་9ནས་18བར་ལ་ཀླད་སྐྲན་ཕོག་ཚད་བཅས་མགྱོགས་མྱུར་ངང་མང་དུ་ཕྱིན་ཡོད་ལ། ཡིའུ་ཟད་འགྱུར་འབྱུང་བར་ལོ་དུང་ཕྱུར་45ཡི་དུས་ཡུན་དགོས། ས་གནས་དེ་གའི་སྨན་པས“དེ་ནི་རིགས་རྒྱུད་རྩ་མེད་དུ་བཏང་བ་ཞིག་རེད”ཅེས་བརྗོད་ཡོད།

  

  

  དམག་དོན་གནད་དོན་གྱི་རིགས་གཅིག་མཁས་ཅན་དབྱི་ཀྲུའོ་ཡིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར། ཡིའུ་མདེལ་ནི་ཁྲབ་རྟོལ་ནུས་པ་ཆེ་རུ་གཏོང་བའི་རྫས་མདེལ་ཞིག་ཡིན་ཞིང་། དེ་ཁྲབ་རྟོལ་མདེལ་ནང་བླུགས་ཚེ་དེའི་ཁྲབ་རྟོལ་ནུས་པ་ཆེ་རུ་གཏོང་ཐུབ་ཅེས་བཤད་ཡོད།

  

  ཁྲབ་རྟོལ་ནུས་པ་ཆེ་བའི་རྒྱུ་མཚན་གྱིས་ཨ་མེ་རི་ཁའི་དམག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བསྐྱུར་ཟིན་པའི་མི་ཆོས་མ་ཡིན་པའི་མཚོན་ཆ་དེ་དམག་འཁྲུག་ཏུ་སྤྱད་པ་དང་། ཡིའུ་མདེལ་སྤྱད་པའི་ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་མཉམ་འབྲེལ་དམག་གིས་དམག་འཁྲུག་ཁྲོད་རྒྱལ་ཁ་ཐོབ་ཡོད།

  བསྡོམས་རྩིས་བྱས་པར་གཞིགས་ན། དམག་འཁྲུག་སྐབས་ཨ་དམག་གིས་དབྱི་རག་གི་ས་ཁོངས་ནང་འབར་གས་བྱས་པའི་ཡིའུ་མདེལ་ཏུན་3400ལས་བརྒལ་བ་དང་། ཆ་སྙོམས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་རེར་ཡིའུ་འདྲེས་སྦྱོར་དངོས་རྫས་སྤྱི་རྒྱ་8ཙམ་ཡོད་པ་དང་། ལྷིང་འཇགས་ཀྱི་ཕྱི་ངོས་ལས་ཁྱབ་འགྱེད་དངོས་རྫས་མཆེད་མཚམས་འཇོག་མྱོང་མེད། དུས་ད་ལྟའི་བར།“འཆི་བདག་གཞུང་ལམ”ནི་སྔར་བཞིན་དུག་གི་འབྱུང་ཁུངས་ཆེན་པོ་ཞིག་དང་འདྲ་བར་འགྱེད་འཕྲོའི་རྡུལ་རྒྱུན་ཆད་མེད་པར་ཉེ་འཁོར་དུ་ཁྱབ་ཀྱི་ཡོད་པ་དང་། དབྱི་རག་དམག་འཁྲུག་རྗེས་སུ་དབྱི་རག་ཏུ་སྐྲན་ནད་དང་སྐྲན་ནད་དང་འབྲེལ་བའི་ནད་རིགས་བྱུང་ཚད་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད།

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཞུ་དག གངས་ཕྲུག་བློ་རྒྱ།

  ཡིག་སྒྱུར། རིག་འཛིན་སྐྱིད།

中央广播电视总台 央广网 版权所有

▶ཨ་རིས་ཁོ་སུའོ་ཨོའི་དམག་འཁྲུག་ཁྲོད་དུ་ཡིའུ་མདེལ་31000འཕངས་པ།

ཟླ་4ཚེས་9ཉིན《ཨ་རིའི་ཕྱི་ཕྱོགས་བཙན་འཛུལ་དམག་འཁྲུག་གདེའི་ཁྲོད་དུ། “མི་བསད་ཀྱང་ཁྲག་མི་མཐོང་”ཞེས་ཤོད་ཚུལ