ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིས་ཁྲིམས་འགལ་གྱིས་གནས་སྤོས་བྱིས་པ་14000ལྷག་བཀག་ཉར་བྱས་པ།

2021-03-22 10:06:00     责编:卓玛才让

ཚེས་18ཉིན་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ་རུ་གནས་ཚུལ་སྤེལ་བ་ལྟར་ན།ཉིན་དེར་ཨ་རིའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་སུ་བཀག་ཉར་བྱས་པའི་ཁྲིམས་འགལ་གྱི་གནས་སྤོས་བྱིས་པ་14000ལས་བརྒལ་ཡོད་ཅེས་བརྗོད་པ་རེད།

གནས་ཚུལ་སྤེལ་བར་ལྟར་ན། གྲངས་གཞི་དེས་ཡང་ཡང་དུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་དུ་བཏོད་ཀྱང་། ཨ་རི་སྲིད་གཞུང་གི་དཔོན་རིགས་ཀྱིས་དེ་ནི་ཉམས་ཉེན་ཞིག་མིན་པར་བརྗོད་ཀྱི་ཡོད།

གནས་འཕྲིན་གྱིས་ཨ་རིའི་སྲིད་གཞུང་གི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བརྗོད་པར། མིག་སྔར་ཨ་རིའི་འཕྲོད་བསྟེན་དང་སྤྱི་པའི་ཞབས་ཞུ་པུས་བཀག་ཉར་བྱས་པའི་ཁྲིམས་འགལ་གྱིས་གནས་སྤོས་བྱིས་པ་9500ལས་བརྒལ་ཞིང་། ཆ་སྙོམས་སུ་ཁོང་ཚོ་གནས་དེ་གར་ཉིན་34སྡོད་དགོས་ཀྱི་ཡོད་པ་རེད།

གཞན་ཡང་ཨ་རིའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་ཀྱིས་བཀག་ཉར་བྱས་པའི་ཁྲིམས་འགལ་གྱིས་གནས་སྤོས་བྱིས་པ་4500ཙམ་ཡོད་པ་དང་། ཁོང་ཚོ་གནས་དེ་གར་སྡོད་པའི་དུས་ཡུན་གྱིས་ཆ་སྙོམས་སུ་ཆུ་ཚོད་117ལོན་བཞིན་པ་སྟེ། དེ་ནི་ཁྲིམས་སུ་གཏན་འཁེལ་བྱས་བའི་ཆུ་ཚོད་72ཀྱི་དུས་བཀག་དུས་ཡུན་ལས་ཆེས་ཆེར་བརྒལ་ཡོད་པ་རེད།

འགག་སྒོ་དང་མཐའ་མཚམས་སྲུང་སྐྱོབ་ཅུས་ཀྱི་བཀག་སྐྱིལ་ལྟེ་གནས་ནི་གནས་སྐབས་བཙོན་འཇུག་བྱེད་ས་ཡིན་པས་བྱིས་པ་བཀོད་སྒྲིག་བྱེད་གནས་སུ་མི་འཚམ་པ་ཡིན།

ཚེས་16ཉིན་ཨ་རིའི་རྒྱལ་ཁབ་ས་ཁོངས་བདེ་འཇགས་པུའུ་ཡི་གསལ་བསྒྲགས་ཤིག་ནང་དུ།ཨ་རི་དང་མོ་ཞི་ཁོ་ཡི་མཐའ་མཚམས་སུ་ཁྲིམས་འགལ་གནས་སྤོས་ཡུལ་མིའི་གྲངས་འབོར་ལོ་20ཡི་རིང་གི་མཐོ་ཤོས་སུ་སླེབས་ཡོད་ཅེས་འཁོད་ཡོད་པ་རེད།

ཨ་རིའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན།ད་ལོའི་ཟླ་གཉིས་པར་ཨ་རིའི་ཁྲིམས་འཛིན་མི་སྣས་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་ནས་ཁྲིམས་འགལ་གྱིས་གནས་སྤོས་ཡུལ་མི་ཁྲི་10ལྷག་ཙམ་འཛིན་བཟུང་དང་ཕྱིར་འབུད་བྱས་ཤིང་། གྲངས་འབོར་དེ་ནི་2019ལོ་ཚུན་གྱི་ཟླ་རེར་མཐོ་ཤོས་སུ་གྱུར་ཡོད་པ་རེད།

ཉེ་ཆར་ཨ་རིའི་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་པ་ལྟར་ན། ཁྲིམས་རྩོད་པ་ཞིག་གིས་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོང་ཅུས་ཀྱི་བཀག་ཉར་ལྟེ་གནས་སུ་བྱིས་པས་འཚང་ཁ་ཤིག་ཤིག་དང་། ཁོང་ཚོ་བཀྲེས་ལྟོགས་ཀྱིས་མནར་བ། འཇིགས་སྣང་བཅས་ཀྱི་ཆ་རྐྱེན་སྐྱོ་བོའི་འོག་ཏུ་དཀའ་ཚེགས་ཆེན་པོས་འཚོ་བ་སྐྱེལ་བཞིན་ཡོད་པ་རྒྱུས་ལོན་བྱུང་བར་བརྗོད་ཡོད།

གནས་ཚུལ་དེར་རྒྱ་ཆེའི་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཨ་རིའི་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་ལྟེ་གནས་ཀྱི་མཐོ་རིམ་ཀྲུའུ་རེན་ཝེའར་ཆིས་བཀག་ཉར་ལྟེ་གནས་ཀྱི་གནས་ཚུལ་དེ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད་པ་རེད།

བཅའ་ཁྲིམས་ལས་ཁུངས་དང་སྨྱན་སྦྱོར་མང་པོ་ཞིག་གིས་བཀག་ཉར་ལྟེ་གནས་ཀྱི་བྱིས་པ་འདུས་སྡོད་ཁུལ་དུ་ལྟ་ཞིབ་བྱེད་པའི་རེ་བ་བཏོན་མོད། ཡིན་ཡང་རེ་ཞུ་གཅིག་ལ་ཡང་ཆོག་མཁྱེན་བཀོད་མེད།

ཚེས་18ཉིན་ཨ་རིའི་སྲིད་གཞུང་གི་དཔོན་རིགས་ཀྱིས་གནས་ཚུལ་དེར་དཔྱད་གཏམ་སྤེལ་སྐབས།ཁྲིམས་འགལ་གྱིས་གནས་སྤོས་ཡུལ་མིའི་གནད་དོན་སྔ་དུས་ནས་གནས་པ་དང་མཐའ་མཚམས་སུ་བྱིས་པ་ཇེ་མང་དུ་འགྲོ་བཞིན་པ་ནི་ཉམས་ཉེན་ཞིག་མིན་པར་བརྗོད་ཅིང་།ཕྱོགས་སོ་སོས་ཨ་རིའི་སྲིད་གཞུང་ལ་དོགས་འདྲི་དང་སྐྱོན་བརྗོད་མང་པོ་བྱས་འདུག

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཨ་རིས་ཁྲིམས་འགལ་གྱིས་གནས་སྤོས་བྱིས་པ་14000ལྷག་བཀག་ཉར་བྱས་པ།