ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཐེ་རོན་ཕུའི་ཉིན་མཐའ་མའི་འཆར་གཞི།

2021-01-17 14:52:00     责编:卓玛才让

     ཐེ་རོན་ཕུས་ཞལ་གྱེས་མཛད་སྒོ་རུ་ས་གདན་དམར་པོ་དང་། དམག་མིའི་རོལ་ཆ་རུ་ཁག་གི་རོལ་དབྱངས། རྟེན་འབྲེལ་མེ་སྒྱོགས་སོགས་བྱེད་སྒོ་21ཚང་དགོས་པའི་རེ་བ་བཏོན་པ་དང་། གཅིག་བྱས་ན་ཁོང་གིས་མཛད་སྒོའི་ཐོག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་གཏམ་བཤད་ཀྱང་སྤེལ་རྒྱུ་རེད།

     ཨ་རིའི་སྲིད་དབང་སྤྲོད་ལེན་བྱེད་ལ་ཉེ་བ་སྟེ། ཚེས་15ཉིན་ཨ་རིའི་སྨྱན་སྦྱོར་གྱིས་ད་ལྟའི་ཙུང་ཐུང་ཐེ་རོན་ཕུ་ཕོ་བྲང་དཀར་པོ་དང་ཁ་བྲལ་སྐབས་ཀྱི་ཞིབ་ཕྲའི་འཆར་གཞི་ཕྱི་རུ་བསྒྲགས་ཡོད་ཅིང་། ཐེ་རོན་ཕུ་ཡིས་མཛད་སྒོའི་གོང་དུ་པའེ་ཏེང་བཟའ་ཟླ་དང་མཉམ་དུ་ཁོ་ཧྥེ་བཞེས་རྩིས་མེད་པར་ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་སྔ་དྲོར་ཕོ་བྲང་དཀར་པོ་ནས་བུད་དེ་ཧའེ་ཧུའུ་གཞིས་ཀར་བསྐྱོད་འཆར་ཡིན་པ་རེད། ཧའེ་ཧུའུ་གཞིས་ཀར་མ་འབྱོར་གོང་ཐེ་རོན་ཕུ་ཨན་ཏེ་ལུའུ་སིའི་མཁའ་དམག་རྟེན་གཞིར་བསྐྱོད་དེ་“ཞལ་གྱེས་མཛད་སྒོ་”སྤེལ་རྒྱུ་ཡིན་འདུག

     ཐེ་རོན་ཕུས་ཞལ་གྱེས་མཛད་སྒོ་རུ་ས་གདན་དམར་པོ་དང་། དམག་མིའི་རོལ་ཆ་རུ་ཁག་གི་རོལ་དབྱངས། རྟེན་འབྲེལ་མེ་སྒྱོགས་སོགས་བྱེད་སྒོ་21ཚང་དགོས་པའི་རེ་བ་བཏོན་པ་དང་། གཅིག་བྱས་ན་ཁོང་གིས་མཛད་སྒོའི་ཐོག་ཏུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་གཏམ་བཤད་སྤེལ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ལྷག་པ།

ཡིག་སྒྱུར། བྱམས་མཚོ།

中央广播电视总台 央广网 版权所有

ཐེ་རོན་ཕུའི་ཉིན་མཐའ་མའི་འཆར་གཞི།