ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེས་ལས་ཁུར་དགོངས་ཞུ་བྱས་པ།

2020-08-29 15:36:00     责编:卓玛才让

     ཚེས་29ཉིན་ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ནད་རྙིང་ཇེ་སྡུག་ཏུ་འགྲོ་བ་སོགས་ཀྱི་རྐྱེན་གྱིས་རྒྱལ་དོན་སྒྲུབ་པར་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་དབུ་བཞུགས་བློན་ཆེན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཚུལ་བཤད་པ་དང་། ཉིན་དེའི་ཕྱི་དྲོའི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་ཨན་པེ་ཅིན་སན་གྱིས་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་གསལ་བཤད་བྱས་པ་དང་འབྲེལ་དབུ་བཞུགས་བློན་ཆེན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་གནས་ཚུལ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

 

རལ་ཟགས་རང་བཞིན་རྒྱུ་ཚད་ཀྱི་ནད་གློ་བུར་དུ་བྱུང་བ་དང་། སྲིད་དོན་སྒྲུབ་པར་ནོར་འཁྲུལ་འབྱུང་བའི་སེམས་ཁྲལ་ཆེ།

     ཨན་པེ་ཅིན་སན་གྱིས་ལོ་13གྱི་ཡར་སྔོན་དུ་རྒྱུ་ནག་གཉན་ཚད་གློ་བུར་དུ་བྱུང་བས་ཁོས་དབུ་བཞུགས་བློན་ཆེན་གྱི་གོ་གནས་དགོངས་ཞུ་བྱས་པས། སྐབས་དེར་རྒྱལ་དམངས་ལ་ཐེ་ཚོམ་དང་བློ་མི་བདེ་བ་ཆེན་པོ་བཟོས་ཡོད་པ་བསྟན། དེའི་རྗེས་སུ་ཨན་པེ་ཅིན་སན་གྱིས་སླར་ཡང་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པ་དང་། ཉེ་བའི་ལོ་བརྒྱད་ཀྱི་རིང་ལ་ནད་དེར་ཚོད་འཛིན་ཧུར་ཐག་བྱེད་བཞིན་ཡོད། ད་ལོའི་ཟླ་དྲུག་པར་དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་སྐབས་ནད་འདི་ཡང་བསྐྱར་འབྱུང་སྲིད་པའི་རྟགས་མཐོང་བ་དང་། ཟླ་7པའི་ཟླ་དཀྱིལ་དུ་ལུས་ཕུང་གི་གནས་ཚུལ་གློ་བུར་དུ་ཇེ་སྡུག་ཏུ་སོང་ཡོད། ཟླ་8པའི་ཟླ་སྟོད་དུ་རལ་ཟགས་རང་བཞིན་གྱི་རྒྱུ་མའི་གཉན་ཚད་ཡང་བསྐྱར་བྱུང་ཡོད་པ་གཏན་འཁེལ་བྱས་པ་རེད།

     ཨན་པེ་ཅིན་སན་གྱིས་ལུས་ཕུང་ལ་ནད་ཡོད་པས་དབུ་བཞུགས་བློན་ཆེན་གྱི་ལས་འགན་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་ཆབ་སྲིད་ཐད་ནོར་འཁྲུལ་གྱི་བརྡར་ཤ་གཅོད་སྲིད་པས་མཇུག་འབྲས་མི་ལེགས་པ་འབྱུང་པར་སེམས་ཁུར་བྱེད་བཞིན་ཡོད། དེ་བས་དབུ་བཞུགས་བློན་ཆེན་གྱི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་དང་། ད་དུང་གནས་སྐབས་ཀྱི་ལས་ཚབ་མི་སྣ་མི་འཛུགས་པར་དབུ་བཞུགས་བློན་ཆེན་བདམས་ཐོན་བྱུང་རག་བར་གོ་གནས་འཁུར་རྒྱུ་ཡིན་ཞེས་བཤད་པ་རེད།

ས་གནས་དེ་གའི་ཟླ་8པའི་ཚེས་28ཉིན་ལྗར་པན་ཐོ་ཁེའོ་རུ་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དབུ་བཞུགས་བློན་ཆེན་གྱི་གཞུང་ལས་ཁང་དུ་འབྱོར་བ།

ཀྲུང་གོའི་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་དང་མཉམ་དུ་མུ་མཐུད་དུ་ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

     ཁ་སང་གི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ལྗར་པན་སྨྱན་སྦྱོར་ཐོག་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ལས་ཁུར་དགོངས་ཞུ་བྱ་རྒྱུ་སྐོར་སྤེལ་ཡོད་པའི་ཐད་དྲི་བ་བཏོན།

     ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ང་ཚོས་འབྲེལ་ཡོད་གནས་ཚུལ་སྤེལ་ཡོད་པར་དོ་སྣང་བྱུང་ཡོད། འདི་ནི་ལྗར་པན་ནང་ཁུལ་གྱི་ལས་དོན་ཡིན་པས་ང་ཚོས་དཔྱད་གཏམ་མི་སྤེལ། ཀྲུང་གོ་དང་ལྗར་པན་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་བསྟན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

སྤྱི་ལོ་2020ལོའི་ནོ་པེར་རྩོམ་རིག་བྱ་དགའ་ཁོང་ལ་ཐོབ་འདུག

སྤྱི་ལོ་1901ལོར་སྐབས་དང་པོའི་ནོ་པེར་རྩོམ་རིག་བྱ་དགའ་ཧྥ་རན་སིའི་རྩོམ་པ་པོ་སུའུ་ལི·ཧྥུ་ལུ་ཏོ་མོར་སྤྲད་པ་ནས། ད་ཕན་ལོ་120ཙམ་འདས་ཡོད།

中央广播电视总台 央广网 版权所有

ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེས་ལས་ཁུར་དགོངས་ཞུ་བྱས་པ།