ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཨ་རིའི་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་མེ་མདའ་རྒྱག་པའི་གནས་ཚུལ་བྱུང་།

2020-08-11 16:09:00     责编:卓玛才让

     ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་10ཉིན་གྱི་ཕྱི་དྲོ། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་རིམས་ནད་གནས་ཚུལ་མདོར་བསྡུས་ཚོགས་འདུ་འཚོགས་ནས་སྐར་མ་3ཡང་མ་འགོར་བའི་རྗེས་སུ། ལས་དོན་མི་སྣས་ཐེ་རོན་ཕུར་སྐད་ཆ་ཤབ་ཤུབ་བཤད་རྗེས་གསར་འགྱུར་མདོར་བསྡུས་ཚོགས་འདུ་གློ་བུར་དུ་འཚོགས་མཚམས་བཞག་པ་རེད།

     སྐར་མ་འགའ་འགོར་རྗེས་ཐེ་རོན་ཕུ་སླར་ཡང་གསར་འགྱུར་ཁང་དུ་ལོག་པ་དང་། ཁོས་ཕོ་བྲང་དཀར་པོའི་ཕྱི་ནས་མེ་མདའ་རྒྱག་པའི་གནས་ཚུལ་བྱུང་ཡོད་པ་བསྟན་པ་རེད། ཐེ་རོན་ཕུས་མིག་སྔར་གནས་ཚུལ་དེ་དམིགས་བསལ་ལས་སྒྲུབ་པས་ཚོད་འཛིན་བྱས་ཡོད་ཅེས་དང་། དམིགས་བསལ་ལས་སྒྲུབ་མི་སྣས་མེ་མདའ་བརྒྱབ་རྗེས་དོགས་ཡོད་ཉེས་ཅན་སྨན་ཁང་དུ་བསྐྱལ་ཡོད་ཚུལ་བཤད་ཡོད།

     ཐེ་རོན་ཕུས་ཁོ་རང་བཙན་རྫོང་དུ་ཕྱིན་མེད་པ་དང་འཇོང་དབྱིབས་ལས་སྒྲུབ་ཁང་དུ་འཁྲིད་པ་རེད་ཅེས་བཤད་འདུག་ལ། མིག་སྔར་དོགས་ཡོད་ཉེས་ཅན་ལ་མ་གཏོགས་རྨས་སྐྱོན་ཕོག་མེད་པ་དང་། གནས་སྐབས་གནས་ཚུལ་གསར་པ་བྱུང་མེད་པ་རེད།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཨ་རིའི་ཕོ་བྲང་དཀར་པོའི་ཕྱི་རོལ་དུ་མེ་མདའ་རྒྱག་པའི་གནས་ཚུལ་བྱུང་།