ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཡང་ཨ་རི་རྒྱལ་སྤྱིའི་སྒྲིག་འཛུཊ་འདི་ནས་དོན་རྒྱུ་རེད།

2020-07-09 08:26:00     责编:卓玛才让

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏེ་ཡ་ལི་ཁེས་སྤྱི་ཚེས་7ཉིན། ཨ་རིས་སྤྱི་ཚེས་6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིར་སང་ལོའི་ཟླ་བ་7པར་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་འཐེན་བྱ་རྒྱུའི་བརྡ་ཐོ་བཏང་ཟིན་སོང་ཞེས་བཤད་ཡོད།

     ཏེ་ཡ་ལི་ཁེས་ཉིན་དེར་འཕྲིན་ཡིག་བརྒྱུད་དེ་སྨྱན་སྦྱོར་ཚན་པར་བསྟན་དོན། ཨ་རིས་སྤྱི་ཚེས་6ཉིན་ཀུ་ཐེ་ལེ་སེར་དངོས་སུ་བརྡ་ཐོ་བཏང་ནས།  སྤྱི་ལོ་2021ལོའི་ཟླ་བ་7པའི་ཚེས་6ཉིན་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་པ་བསྟན་པ་དང་། ཀུ་ཐེ་ལེ་སིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཨ་རིར་སྒྲིག་འཛུགས་དེ་ལས་ཕྱིར་འཐེན་བྱེད་པའི་འོས་མཐུན་ཆ་རྐྱེན་ཚང་མིན་ཐད་ལ་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད། 

     ཏེ་ཡ་ལི་ཁེས་བསྟན་དོན། ཨ་རི་ནི་སྤྱི་ལོ་1948ལོའི་ཟླ་བ་6པའི་ཚེས་21ཉིན་ནས་བཟུང《འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྩ་འཛུགས་བཅའ་ཁྲིམས》ཀྱི་ཆིངས་བཞག་རྒྱལ་ཁབ་ཅིག་ཡིན་ཞིང་། ཨ་རི་ཆེས་ཐོག་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་སྐབས་གཏན་འབེབས་བྱས་པའི་ཆ་རྐྱེན་ལྟར་ན། ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལས་དངོས་སུ་ཕྱིར་འཐེན་བྱ་དགོས་བསམ་ན། སྔོན་ལ་ལོ་གཅིག་གི་གོང་ནས་རེ་ཞུ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ནོར་སྲིད་འོས་འགན་ཆ་ཚང་བསྒྲུབ་དགོས།

     ཨ་རིའི་གྲོས་ཚོགས་སྟོད་པའི་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། དམངས་གཙོ་ཏང་གི་གྲོས་ཚོགས་སྟོད་པའི་གྲོས་མི་མེ་ནེན་ཏེ་སིས་སྤྱི་ཚེས་7ཉིན། ཙུང་ཐུང་ཐེ་རོན་ཕུས་རྒྱལ་ཚོགས་ལ་ཨ་རི་ཉིད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་དངོས་སུ་ཕྱིར་འཐེན་བྱ་རྒྱུའི་བརྡ་ཐོ་བཏང་ཟིན་ཞེས་བཤད་པ་དང་། ཁོང་གིས། བྱེད་ཐབས་འདིས་ཨ་རིའི་མི་དམངས་ཀྱི་ཚེ་སྲོག་ལ་འགན་སྲུང་བྱ་མི་ཐུབ་ལ། ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་ལའང་སྲུང་སྐྱོབ་བྱ་མི་ཐུབ། དེ་ལས་ལྡོག་སྟེ་ཨ་རིའི་མི་དམངས་ལ་སྡུག་བསྔལ་བཟོ་སྲིད་པ་དང་། དེས་རྐྱེན་པས་ཨ་རི་གྲོགས་མེད་ཁེར་རྐྱང་དུ་ལུས་སྲིད་ཅེས་བཤད་ཡོད།

     ད་ལོའི་སྤྱི་ཟླ་5པའི་ཚེས་29ཉིན། ཐེ་རོན་ཕུས་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨ་རིའི་ཕྱོགས་ནས་བཏོན་པའི་བསྒྱུར་བཅོས་བྱ་ཐབས་ལག་བསྟར་དང་ལེན་བྱས་མེད་པའི་དབང་གིས། ཨ་རིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་བ་བྱེད་མཚམས་འཇོག་རྒྱུ་མ་ཟད། སྒྲིག་འཛུགས་དེར་སྤྲོད་དགོས་པའི་ཚོགས་ཡོན་གནས་གཞན་དུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་རྒྱལ་ནང་ཀུན་གྱིས་བྱེད་ཐབས་དེར་སྐྱོན་བརྗོད་དྲག་པོ་བྱས་ཡོད། སྐྱོན་བརྗོད་བྱེད་མཁན་གྱིས་འདི་ནི་ཐེ་རོན་ཕུས་ཨ་རིའི་སྲིད་གཞུང་གིས་རིམས་ནད་ལ་ཁ་གཏད་ཡག་པོ་མ་འཇལ་བའི་འགན་འཁྲི་གཞན་ལ་དཀྲི་བའི་བྱེད་ཐབས་ཤིག་ཡིན་པ་དང་། དེས་རྒྱལ་སྤྱིའི་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ལ་གཏོར་བཤིག་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

 ཨ་རིའི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་གྲངས་གཞི་ལ་གཞིགས་ན། ཨ་རིའི་ཤར་རྒྱུད་དུས་ཚོད་སྤྱི་ཚེས་7ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་བར་སླེབས་དུས། ཨ་རིར་ཏོག་གསར་གློ་ཚད་འགོས་པའི་ནད་པ་རིམ་རྩིས་བྱས་ན་ཁྲི་298 ལས་བརྒལ་བ་དང་། ཚེ་འདས་ནད་པ་རིམ་རྩིས་བྱས་ན་ཁྲི་13ལས་བརྒལ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ཟླ་བ་གཡུ་སྒྲོན།

ཡིག་སྒྱུར། བཀྲ་རྡོར།

འཛམ་གླིང་སྐར་ཁུངས།

རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་གཏོར་བཤིག་གཏོང་མཁན་སུ་ཡིན།

དཔྱད་གཏམ་ནང་། རྫུན་གཏམ་ཁོ་ན་བརྗོད་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཉེ་དུས་གློ་བུར་དུ་གང་ཡིན་འདི་ཡིན་མེད་པའི་གཡོ་ཚུལ་གནས་སུ་ལྷུངས་ཡོད། ཁོས་ གཏམ་འཆལ་ཆེ་སྤེལ་བྱས་ནས་ཀྲུང་གོས་ཨ་ཧྥི་རི་ཁར་རོགས་སྐྱོར་བྱེད་པ་ནི་ཁ་བཤད་ལག་བསྟར་མ་ཐུབ་པའི་དམ་བཅའ་རེད་ཅེས་ཞེས་དམའ་འབེབས་བཏ

中央广播电视总台 央广网 版权所有

ཡང་ཨ་རི་རྒྱལ་སྤྱིའི་སྒྲིག་འཛུཊ་འདི་ནས་དོན་རྒྱུ་རེད།