ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

2020-02-14 10:36:00     责编:sangjzm

ཟླ་ཤས་རིང་རྒྱུན་མ་ཆད་པའི་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད་ཡོད།

ཨོ་སི་ཁྲུ་ལི་ཡའི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ཤས་རིང་རྒྱུན་མ་ཆད་པའི་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད་པ་དང་གང་མགྱོགས་རོགས་སྐྱོབ་བྱེད་དགོས་པའི་མཚམས་སུ་བསླེབས་ཡོད། སྲོག་ཆགས་མང་ཆེ་བའི་འཚོ་གནས་ས་ཆ་30%ལས་བརྒལ་བ་མེས་བསྲེགས་ཏེ་ཐལ་རྡུལ་དུ་གྱུར་ཡོད། དེའི་ནང་ཨོ་སི་ཁྲུ་ལི་ཡའི་ཕད་བྱི་གླིང་ཕྲན་ཐོག་གི་ཕད་བྱིར་ཉེན་ཁ་ཆེ་ཤོས་ཡོད་པ་དང་། ཕད་བྱི་འཚོ་གནས་བྱ་ཡུལ་95%ལས་བརྒལ་བ་མེར་བསྲེགས་ཟིན་པ་རེད། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་ཚོད་དཔག་བྱས་པར་གཞིགས་ན་། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་ཀྱི་སྲོག་ཆགས་དུང་ཕྱུར་10ལྷག་ཙམ་ནགས་ཚལ་མེ་སྐྱོན་ཁྲོད་སྲོག་ཤོར་བ་དང་། དེའི་ནང་མང་ཆེ་བ་ནི་ཨོ་སི་ཁྲུ་ལི་ཡར་ཁོ་ནར་ཡོད་པའི་སྲོག་ཆགས་ཁའོ་སླ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།