ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཐ་ལི་པན་གྱིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱི་གནམ་གྲུ་ཞིག་གཏོར་བ།

2020-01-28 17:55:00     责编:娜科

 

 

 

    ཨ་ཧྥུ་ཀ་ནི་སི་ཐན་ཁོངས་ཀྱི་ཐ་ལི་པན་གྱི་མགྲིན་ཚབ་པས་སྨྱན་ལམ་བརྒྱུད་བསྟན་པར། ས་གནས་དེ་གའི་ཚེས་27ཉིན་གྱི་ཕྱི་དྲོར། ཐ་ལི་པན་གྱིས་ཅ་ཙི་ཉི་མངའ་སྡེའི་ཡུལ་ཁོངས་སུ་ཨ་རིའི་དབུས་གཞུང་གསང་འཕྲིན་ལས་ཁུངས་སུ་(CIA)གཏོགས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གཏོར་ཡོད་པ་དང་། གནམ་གྲུའི་དེའི་ནང་CIAཡི་མཐོ་རིམ་དཔོན་པོ་ཡོད་ཚུལ་བསྒྲགས་འདུག

 

 

【དེ་སྔོན་གྱི་གསར་འགྱུར།】འགྲུལ་སྐྱེལ་གནམ་གྲུ་ཞིག་ཨ་ཧྥུ་ཀ་ནི་སི་ཐན་མངའ་ཁོངས་སུ་ལྷུང་ཞིང་གནམ་གྲུའི་ཐོག་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་བ།

    ཚེས་27ཉིན་གྱི་ཨ་ཧྥུ་ཀ་ནི་སི་ཐན་གྱི་སྨྱན་ལམ་གནས་འཕྲིན་ལྟར་ན། ཉིན་དེར། མ་མཐའ་ཡང་མི་83ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨ་ཧྥུ་ཀ་ནི་སི་ཐན་ཤར་ལྷོའི་རྒྱུད་ཀྱི་ཅ་ཙི་ཉི་མངའ་སྡེའི་ཏའེ་ཧོ་ཡ་ཁེ་ས་ཁུལ་དུ་ལྷུང་བ་དང་། གནམ་གྲུ་དེའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་འདུག

    ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་གཞོན་པ་གཉིས་པ་ས་ཝར་·ཏ་ཉི་ཧྲི་ཡིས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་གཉེར་ཀུང་སི་ཨ་ལི་ཡ་ན་མཁའ་འགྲུལ་ཀུང་སིའི་ཡིན་ཚུལ་བཤད་མོད། ཨ་ལི་ཡ་ན་མཁའ་འགྲུལ་ཀུང་སིས་སྨྱན་ལམ་བརྒྱུད་དེ་བཤད་ཚུལ་དེ་ཁས་ལེན་བྱས་མེད་ལ། ཅ་ཙི་ཉི་མངའ་སྡེའི་འགོ་དཔོན་གཞུང་ལས་ཁང་གིས་ཀྱང་དོན་རྐྱེན་བྱུང་བའི་གནམ་གྲུ་དེ་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སི་ཞིག་གི་གནམ་གྲུ་ཡིན་ཚུལ་གྱི་གསལ་བསྒྲགས་སྤེལ་ཡོད། 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ལིའུ་ཧུང་པིན།
ཞུ་དག བདེ་ལྷ་མོ།

སྒྲིག་སྒྱུར། བསྟན་རྒྱམ། 

འཛམ་གླིང་སྐར་ཁུངས།

གནམ་གྲུའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་པའི་ཕུང་པོ་ཕྱིར་རང་རྒྱལ་ཁབ་ཏུ་སྐྱེལ་བ།

ཟླ1ཚེས19ཉིན། ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་པའོ་ལི་སི་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་དུ་ས་གནས་དེ་གའི་མང་ཚོགས་རྣམས་ཝུའུ་ཁོ་ལན་གྱི་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ། ཉིན་དེར། ཝུའུ་ཁོ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་གྱི་སྤྱི་དམངས་11གི་ཕུང་པོ་ཝུའུ་

中央广播电视总台 央广网 版权所有

▶ཐ་ལི་པན་གྱིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱི་གནམ་གྲུ་ཞིག་གཏོར་བ།

ཨ་ཧྥུ་ཀ་ནི་སི་ཐན་ཁོངས་ཀྱི་ཐ་ལི་པན་གྱི་མགྲིན་ཚབ་པས་སྨྱན་ལམ་བརྒྱུད་བསྟན་པར། ས་གནས་དེ་གའི་ཚེས་27ཉིན་གྱི་ཕྱི་དྲོར། ཐ་ལི་པན་གྱིས་ཅ་ཙི་ཉི་མངའ་སྡེའི་ཡུལ་ཁོངས་སུ་ཨ་རིའི་དབུས་གཞུང་གསང་འཕྲིན་ལས་ཁུངས་