ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

2020-01-27 16:05:00     责编:娜科

  

 

 

 

    ཨ་རིའི་ལུས་རྩལ་སྨྱན་སྦྱོར་ESPNསོགས་སྨྱན་སྦྱོར་མང་པོ་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་NBAཡི་སྤོ་ལོ་བ་གྲགས་ཅན་ཁོ་བྷི·པུའུ་ལའེ་ཨེན་ཐེ་ས་གནས་དེ་གའི་ཚེས་26ཉིན་ཁཱ་ལི་ཧྥོ་ཉི་ཡ་མངའ་སྡེའི་ལོ་སན་ཅི་ལི་སིར་ཐད་འཕུར་གནམ་གྲུ་ཞིག་ས་ལ་ལྷུང་པའི་དོན་རྐྱེན་ཁྲོད་གྲོངས་ཡོད་འདུག 

     

དོན་རྐྱེན་དེའི་ཁྲོད་ཁོ་བྷིའི་ལོ་13ལ་སོན་པའི་བུ་མོ་བཅས་ཚུད་པའི་མི་9རྐྱེན་ལམ་དུ་ཤོར་ཡོད།

 

 

 

 

    ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་།  ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་ཁོང་གྲོངས་པར་མྱ་ངན་ཞུས་ཤིང་གདུང་སེམས་མཚོན་ཡོད། 

 

     ཁོ་བྷི་ནི་1978ལོའི་ཟླ་8པའི་ཚེས་23ཉིན་སྐྱེས་ཤིང་། ཁོང་གིས་ཁྱོན་ལོ་ངོ་ཉི་ཤུའི་རིང་ལ་ཨ་རིའི་མནའ་འབྲེལ་སྤོ་ལོ་མཐུན་ཚོགས་ནས་སྤོ་ལོ་རྩེས་པ་དང་། ལོ་ངོ་དེ་དག་གི་རིང་ལ་ཁོང་གིས་སྤོ་ལོའི་ལོ་རྒྱུས་སྟེང་གི་ཟིན་ཐོ་མང་པོ་བཏོད་ཅིང་བྱས་རྗེས་བླ་མེད་བཞག་སྟེ་འཛམ་གླིང་ཡུལ་གྲུ་སོ་སོའི་སྤོ་ལོར་དགའ་མཁན་ཁྲི་སྟོང་མང་བོའི་ཡིད་སེམས་དབང་མེད་བཀུག་པ་དང་། ཁོང་ལ་དགའ་མཁན་གྱི་མི་ནི་འཛམ་གླིང་ཤར་ནུབ་ཀུན་ལ་བགྲང་གིས་མི་ལངས་ཤིང་ཁོང་གི་འབད་བརྩོན་དང་སྡུག་རུས། ཆོད་སེམས་དང་རྒྱུན་འཁྱོངས་བཅས་ཀྱིས་མི་གང་མང་ཞིག་ལ་ཡར་སྐུལ་ཐེབས་མྱོང་བར་མ་ཟད་འཚོ་བར་དཀའ་ངལ་ཡོད་པའི་མི་གང་མང་ཞིག་ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་འཚོ་བའི་གནས་སྟངས་དང་མི་ཚེ་ལའང་འགྱུར་ལྡོག་བཏང་ཡོད། 

    ཁོང་གིས་ཨ་རིའི་མནའ་འབྲེལ་སྤོ་ལོ་མཐུན་ཚོགས་ཁྲོད་ནས་བཏོད་པའི་ཟིན་ཐོ་དང་བྱས་རྗེས། ད་དུང་ཁོང་ལ་ཐོབ་པའི་བྱ་དགའི་གྲངས་འབོར་སོགས་ཞིབ་ཕྲའི་གནས་ཚུལ་འགོད་མི་ཚར་བ་ཞིག་མཆིས་པས། འདིར་བྱ་དགའི་རྣམ་གྲངས་རགས་བསྡུས་ཤིག་བཀོད་ན། 

•①ཐུར་རྫོང་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའ་གཅིག་ཐོབ། (༡༩༩༧)

 

•②རྒྱུན་སྐོར་འགྲན་བསྡུར་ཁྲོད་ཀྱི་ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་གཅིག་ཐོབ། (༢༠༠༨)

 

•རྟིང་རྩོད་འགྲན་བསྡུར་གྱི་③ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་བསྟུད་མར་ལོ་གཉིས་ལ་ཐོབ། (༢༠༠༩/༢༠༡༠)

 

•ལོ་རེར་ཐེངས་རེ་སྤེལ་བཞིན་པའི་ཨ་རིའི་ཤར་ནུབ་གཉིས་ཀྱི་④སྐར་ཆེན་ཚོའི་འགྲན་བསྡུར་ཁྲོད་ཐེངས་བཞི་ལ་ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པའི་བྱ་དགའ་ཐོབ། (༢༠༠༢/༢༠༠༧/༢༠༠༩/༢༠༡༡)

 

•ཁོ་ཚོགས་པ་དེར་བསྡད་པའི་རིང་ལ་ཚོགས་པར་རྟིང་རྩོད་བྱ་དགའ་ཐེངས་ལྔ་ལ་ཐོབ། (༢༠༠༠/༢༠༠༡/༢༠༠༢/༢༠༠༩/༢༠༡༠)

 

•ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ཐེངས་གཉིས་ལ་ཐོབ། (༢༠༠༨/༢༠༡༢)

 

 

① ཐུར་རྫོང་། Slam dunk 扣篮大赛

②རྒྱུན་སྐོར་འགྲན་སྡུར། Regular season 常规赛

③ཆེས་རིན་ཐང་ལྡན་པའི་སྤོ་རྩེད་པ། MVP 最有价值球员

④སྐར་ཆེན་ཚོའི་འགྲན་སྡུར། All-Star game 全明星赛

 

  

 

 

ཡོང་ཁུངས། ཐེང་ཤོན་དྲ་བ།

འཛམ་གླིང་སྐར་ཁུངས།

▶ཐ་ལི་པན་གྱིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཀྱི་གནམ་གྲུ་ཞིག་གཏོར་བ།

ཨ་ཧྥུ་ཀ་ནི་སི་ཐན་ཁོངས་ཀྱི་ཐ་ལི་པན་གྱི་མགྲིན་ཚབ་པས་སྨྱན་ལམ་བརྒྱུད་བསྟན་པར། ས་གནས་དེ་གའི་ཚེས་27ཉིན་གྱི་ཕྱི་དྲོར། ཐ་ལི་པན་གྱིས་ཅ་ཙི་ཉི་མངའ་སྡེའི་ཡུལ་ཁོངས་སུ་ཨ་རིའི་དབུས་གཞུང་གསང་འཕྲིན་ལས་ཁུངས་

中央广播电视总台 央广网 版权所有

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་