ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྟེན་འབྲེལ་ཞུ། རྒྱ་གར་གྱིས་ལས་ཀ་འདི་ཡང་ཡག་པོ་བྱས་འདུག

2020-01-13 16:14:00     责编:卓玛才让

ས་གནས་དེ་གའི་སྤྱི་ཚེས་11ཉིན་རྒྱ་གར་གྱི་རང་རྒྱལ་ནས་ཐོན་པའི“འོད་སྟོང་འབར་བ”ཞེས་པའི་མཚོ་དམག་པར་གཞིའི་དམག་འཐབ་གནམ་གྲུ་(LCA-N)ཡིས་གནམ་ཐང་གྲུ་གཟིངས་ཀྱི་ཐོག་དུ་བཀག་འབབ་ཀྱི་ལས་འགན་ཐོག་མ་བདེ་ལེགས་ངང་ལེགས་གྲུབ་བྱུང་བ་རེད། དེར་རྒྱ་གར་གྱི་སྨྱན་སྦྱོར་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་གནས་ཚུལ་སྤེལ་གཏོང་བྱས་པ་དང་ཡུལ་དངོས་ཀྱི་འདྲ་པར་དང་བརྙན་རིས་སོགས་ཀྱང་སྤེལ་ཡོད་པ་རེད།

《དེ་རིང་གི་རྒྱ་གར》སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་སྤྱི་ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་02ཡི་ཐོག་ཅ་ཏི་ཕུའུ·མའོ་ལན་ཁ་ཡིས་འཕུར་གཏོང་བྱས་པའི་LCA-Nདམག་འཐབ་གནམ་གྲུས་རྒྱ་གར་གྱི་གནམ་ཐང་གྲུ་གཟིངས་“རབ་རྒྱལ་ ”རྟགས་ཅན་གྱི་ཐོག་དུ་བཀག་འབབ་ལས་འགན་གྲུབ་འབྲས་ཐོབ་པའི་ངང་ནས་ལེགས་གྲུབ་བྱུང་བ་རེད།

རྒྱ་གར་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས(DRDO)ཀྱིས་གསལ་བསྒྲགས་སྤེལ་ནས་གོང་གསལ་གྱི་གནས་ཚུལ་ལ་ར་སྤྲོད་བྱས་པ་རེད། གསལ་བསྒྲགས་ནང་ད་དུང་LCA-Nདམག་འཐབ་གནམ་གྲུས་དེ་སྔོན་སྐམ་སའི་ཐོག་དུ་བཀག་འབབ་ཚོད་ལྟ་ཐེངས་མང་པོ་བྱེད་མྱོང་ཡོད་ཞེས་བསྟན།

གནས་ཚུལ་སྤེལ་བར་གཞིགས་ན། LCA-Nདམག་འཐབ་གནམ་གྲུས་གནམ་ཐང་གྲུ་གཟིངས་ཀྱི་ཐོག་མཆོང་འཕུར་ཚོད་ལྟ་ཐོག་མ་མགྱོགས་མྱུར་ངང་བྱ་རྒྱུ་ཡིན་པ་རེད།

“རབ་རྒྱལ་”རྟགས་ཅན་གྱི་གྲུ་གཟིངས་ནི་རྒྱ་གར་དུ་གནམ་གྲུ་འབབ་སར་སྤྱོད་པའི་གྲུ་གཟིངས་གཅིག་པུ་དེ་ཡིན་པ་དང་། དེ་ནི་དེ་སྔོན་སུའུ་ལེན་གྱི“དམག་སྤྱི་ཀེའར་ཧྲི་ཁོ་ཧྥུའུ་”རྟགས་ཅན་གྱི་གནམ་ཐང་གྲུ་གཟིངས་ཡིན་པ་དང་བཅོས་སྒྲིག་བྱས་རྗེས་ཨུ་རུ་སུས་སྤྱི་ལོ་2013ལོའི་ཟླ་11པར་དངོས་སུ་རྒྱ་གར་ལ་སྤྲད་ནས་བདེ་སྤྱོད་གཏོང་དུ་བཅུག་པ་རེད། བཅོས་སྒྲིག་བྱས་ཟིན་པའི“རབ་རྒྱལ་”རྟགས་ཅན་གྱི་གྲུ་གཟིངས་ནི་ཆུ་འབུད་ཚད་ཏུན་ཁྲི་4.5ལྷག་ཟིན་པ་དང་རིང་ཚད་ལ་སྨི་283.5ཟིན་ཡོད། ཞེང་ཚད་ལ་སྨི་59.8ཟིན་ཡོད། དེར་ཆེས་མང་ན་འཕུར་སྐྱོད་འཕྲུལ་ཆས་30ལྷག་ཁྱེར་ཆོག་པ་དང་། གྲུ་ཐོག་དུ་མི་སྣ་2000ལྷག་ཟིན་གྱི་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་2014ལོའི་ཟླ་6པར་རྒྱ་གར་དུ་དམག་འཐབ་གནམ་གྲུའི་བཀག་འབབ་དོན་རྐྱེན་ཞིག་བྱུང་པ་རེད་ཟེར།

དེ་ནི་རྒྱ་གར་གྱི་གནམ་གྲུ་གཏོང་མཁན་གྱིས་མཱེ་ཀེའུ—29Kརྟགས་ཅན་གྱི་དམག་འཐབ་གནམ་གྲུ་དེ་གནམ་ཐང་གྲུ་གཟིངས་ཀྱི་ཐོག་འབབ་སྐབས། མ་གཞི་བཀག་སོ་གསུམ་ཡོད་པའི་ཁྲོད་ཀྱི་སོ་གཉིས་པ་དེ་འཛིན་རྒྱའི་འཆར་གཞི་ཡིན་མོད། འོན་ཀྱང་དོན་དངོས་ལག་ལེན་གྱི་ཁྲོད་དུ་འཛིན་ནོར་བྱུང་སོང། གནམ་གྲུ་དེས་སོ་གཉིས་པ་ཤོར་རྗེས་སོ་གསུམ་པའི་སྟེང་དུ་བཀལ། སྟབས་མ་ལེགས་པ་ཞིག་ལ། གནམ་གྲུ་གཏོང་མཁན་གྱིས་གནམ་གྲུ་འབབ་པའི་ལས་འགན་མ་འགྲུབ་པར་སྙམ་ཏེ་ཡང་བསྐྱར་འཕུར་གཏོང་བྱས་པ་རེད། མཱེ་ཀེའུ—29Kརྟགས་ཅན་གྱི་དམག་འཐབ་གནམ་གྲུ་དེ་ཐོག་མར་གནམ་དུ་སྨི་འགའ་འཕུར་རྗེས་བཀག་སོ་གསུམ་པས་ཐད་ཀར་མར་འཐེན་དེ་འཕུར་སྐྱོད་གྲུ་གཅལ་གྱི་ཐོག་དུ་བརྒྱབ་པས་གནམ་གྲུའི་མདུན་ཕྱོགས་ཀྱི་འཕུར་འབབ་སྒྲོམ་བཅག་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

རྟེན་འབྲེལ་ཞུ། རྒྱ་གར་གྱིས་ལས་ཀ་འདི་ཡང་ཡག་པོ་བྱས་འདུག