ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

2020-01-05 16:01:00     责编:nake

  

  ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་1ཚེས་3ཉིན་གྱི་ཐོ་རེངས་སྐབས། དབྱི་རག་གི་རྒྱལ་ས་པ་ཀ་ཏ་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འགྲམ་དུ་ཨ་རིའི་མེ་ཤུགས་འཕུར་མདེལ་གསུམ་གྱི་འཇབ་རྒོལ་ཕོག་ནས་རླངས་འཁོར་གཉིས་མེར་འབར་བ་དང་། འཇབ་རྒོལ་དེའི་ཁྲོད་མི་15ཡི་ཚེ་སྲོག་ཤོར་ཡོད།

  

  

  

  

  དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

  འཇབ་རྒོལ་ཁྲོད་གྲོངས་པའི་དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས།

  

  ཉིན་དེའི་ཐོ་རེངས་སྐབས། དབྱི་རན་དབྱི་སི་ལམ་གསར་བརྗེའི་རུ་ཁག་གིས་གསལ་བསྒྲགས་སྤེལ་ཞིང་། གསལ་བསྒྲགས་ནང་རུ་ཁག་དེའི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཁོང་ནི་ཨ་རིའི་ཐད་འཕུར་གནམ་གྲུའི་འཇབ་རྒོལ་ཁྲོད་གྲོངས་པ་ཡིན་སྐོར་བཀོད་ཡོད་ལ། དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཀྱང་གནས་ཚུལ་དེ་སྤེལ་ཞིང་སུའུ་ལའེ་མཱ་ཉི་སྔོན་གཤེགས་དཔའ་བོར་བགྲང་ཡོད།

  

  ཨ་རིའི་ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་གྱི་གསལ་བསྒྲགས།

  

  དེ་རྗེས་ཨ་རིའི་ཟུར་ལྔའི་ཐོག་བརྩེགས་ཁང་ཆེན་གྱིས་གསལ་བསྒྲགས་སྤེལ་ཞིང་། གསལ་བསྒྲགས་ནང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་2ཉིན་གྱི་སྔ་དྲོར་ཐེངས་འདིའི་བྱ་སྤྱོད་ལ་ཆོག་མཆན་སྤྲད་པ་དང་། འཇབ་རྒོལ་འདིའི་དམིགས་ཡུལ་ནི་དབྱི་རན་གྱིས་ཨ་རིར་བྱེད་གྲབས་ཡོད་པའི་འཇབ་རྒོལ་ལ་བཀག་འགོག་བྱ་ཆེད་ཡིན་ཞིང་། སུའུ་ལའེ་མཱ་ཉི་ནི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་ཏེ་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྐུ་སྲུང་རུ་ཁག་གི་འགན་འཁུར་བ་ཡིན་པ་དང་། ཁོང་བསད་དོན་ནི་ཕྱི་རྒྱལ་དུ་ཡོད་པའི་ཨ་རི་བ་སྲུང་སྐྱོབ་བྱ་ཆེད་ཡིན་ཞེས་བཀོད་ཡོད།

  དབྱི་རན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཧ་མེ་ནེ་དབྱིས་ཚེས་3ཉིན་གསལ་བསྒྲགས་སྤེལ་ནས། ཨ་རིའི་གཏུམ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ཞིང་། སུའུ་ལའེ་མཱ་ཉི་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས་པ་དང་། ཁོང་གིས་ད་དུང་སུའུ་ལའེ་མཱ་ཉིའི་འཐབ་འཛིང་བྱེད་སྟངས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། ཨ་རིས་བྱ་སྤྱོད་དེས་བསྐྱེད་པའི་མཇུག་འབྲས་མཐའ་དག་ལ་འགན་འཁུར་དགོས་པ་དང་། ཨ་རིར་འཁོན་ལན་དྲག་པོ་སློག་རྒྱུ་ཡིན་སྐོར་བརྗོད་ཡོད།

  དབྱི་རན་གྱི་ཙུང་ཐུང་ཧ་སང·ལུའུ་ཧ་ཉི་ཡིས་ཨ་རིའི་དམག་དཔུང་གི་བྱེད་སྤྱོད་ནི་སྡིག་ཉེས་ཆེན་པོ་ཞིག་ཡིན་པ་དང་། དམག་དཔོན་ཁ་ཤིས་མུའུ·སུའུ་ལའེ་མཱ་ཉི་རྐྱེན་ལམ་དུ་ཤོར་བ་དེས་དབྱི་རན་གྱིས་ཨ་རིར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཨ་རི་དང་དམག་འཐབ་མཐའ་གཅིག་ཏུ་རྒྱག་པའི་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད་ཅེས་བཤད་ཡོད།

  དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཅ་ཝ་ཏེ·ཀྲ་ལི་ཕུའུ་ཡིས་ཨ་རིའི་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཀྱིས་དམག་དཔོན་ཆེན་པོ་སུའུ་ལའེ་མཱ་ཉི་ལྐོག་གསོད་བྱས་པ་དེ་ནི་ཉེན་ཁ་ཧ་ཅང་ཆེ་ལ་གླེན་རྟགས་ཆེ་བའི་གནས་ཚུལ་ཛ་དྲག་ཏུ་གཏོང་བའི་དོན་རྐྱེན་ཞིག་ཡིན་པ་དང་། ཨ་རིས་དེའི་ཀླ་ཀློའི་ཉེན་མཆོང་རིང་ལུགས་ལས་བྱུང་བའི་མཇུག་འབྲས་མཐའ་དག་ལ་འགན་འཁུར་དགོས་ཞེས་བཤད་འདུག

  ཚེས་3ཉིན་གྱི་དགོང་མོར། དབྱི་རག་གི་རྒྱལ་ས་པ་ཀ་ཏར་སླར་ཡང་ཨ་རིའི་དམག་དཔུང་གིས་མཁའ་ཐོག་ནས་འཇབ་རྒོལ་བྱས་ཤིང་། འཇབ་རྒོལ་ཁྲོད་མི་6རྐྱེན་ལམ་དུ་ཤོར་བ་དང་། མི་3ལ་རྨས་སྐྱོན་ཚབས་ཆེན་ཕོག

  ཉིན་དེར། དབྱི་རན་ཕྱོགས་ཀྱིས“འོས་འཚམ་གྱི་དུས་ཚོད་དང་ས་གནས”སུ་ཨ་རིར་འཁོན་ལན་སློག་རྒྱུ་ཡིན་སྐོར་བསྒྲགས་ཡོད།

  

  ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཚེས་3ཉིན་ཨ་རིའི་དམག་དཔུང་གིས་འཇབ་རྒོལ་གྱི་བྱ་སྤྱོད་སྤེལ་བ་ནི་དམག་འཁྲུག་སློང་བའི་ཆེད་དུ་མ་ཡིན་པར་དམག་འཁྲུག་བཀག་འགོག་བྱེད་པའི་ཆེད་དུ་ཡིན་ཞེས་བསྒྲགས་ཡོད། གཞན་ཡང་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིས་དབུས་ཤར་ས་ཁུལ་དུ་མངག་རྒྱུའི་དམག་མི་3000མང་དུ་བཏང་ཞིང་། དམག་མི་དེ་དག་དབྱི་རག་དང་། ཁོ་ཝེ་ཐེ། དེ་བཞིན་ས་ཁོངས་གཞན་དག་བཅས་སུ་བཀོད་སྒྲིག་བྱ་འཆར་ཡོད།

  

  ཨ་རིའི་གྲོང་ཁྱེར་ཁག་ཚང་མས་ཉེན་ཟོན་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། སྤྱི་དམངས་སུ་ཞིག་དོགས་པ་ཡོད་པའི་དོན་དང་འཕྲད་ན་ཡང་འཕྲལ་མར་ཁྲིམས་འཛིན་མི་སྣར་འབྲེལ་གཏུག་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

  

  

  

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝུའུ་ཤིན་རི།

  ཞུ་དག བདེ་ལྷ་མོ།

  སྒྲིག་སྒྱུར། ཤེས་རབ་མཚོ་མོ།

འཛམ་གླིང་སྐར་ཁུངས།

▶ནད་པ་ས་ཡ་1ལས་བརྒལ་བ་དང་ཨ་རི་དཀའ་ཚེཊ་ཆེ་ཤོས་ཀྱི་དུས་སུ་་་

འཛམ་གླིང་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་པ་ས་ཡ་1དང་འཨ་རིའི་གཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས

中央广播电视总台 央广网 版权所有

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།