ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཆུར་འཛུལ་དམག་གྲུ་ལ་བརྟེན་ནས་དུག་ཚོང་རྒྱག་པའི་གྱོད་གཞི།

2019-11-29 09:08:00     责编:卓玛才让

     ཟླ་11ཚེས་26ཉིན་སི་ཕེན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་24ཉིན་སི་ཕེན་གྱི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཁབ་དེའི་ཅ་ལི་ཤིས་ཡ་ས་ཁུལ་གྱི་བྱང་ཤར་རྒྱུད་ཀྱི་མཚོ་འགྲམ་དུ་དུག་རྫས་སྐྱེལ་འདྲེན་བྱེད་པའི་ཆུར་འཛུལ་དམག་གྲུ་ཆུང་གྲས་ཤིག་གི་མདུན་བཀག་པ་དང་། ཧ་ལམ་རིན་ཐང་ཨ་སྒོར་དུང་ཕྱུར་1.2ཟིན་པའི་ཁོ་ཁ་དབྱིན་སྤྱི་རྒྱ་3000འཚོལ་བཤེར་བྱུང་། ཨེ་ཁྭ་ཏོར་ནས་ཡིན་པའི་དུག་འདྲེན་མི་སྣ་གཉིས་འཛིན་བཟུང་བྱས་པ་དང་། སི་ཕེན་ནས་ཡིན་པའི་དོགས་ཡོད་ཉེས་ཅན་པ་གཞན་ཞིག་བྲོས་བྱོལ་དུ་སོང་བ་རེད། 

    ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་རགས་ཙམ་བྱས་པ་ལས་མངོན་པར། ཆུར་འཛུལ་དམག་གྲུ་དེ་ཕལ་ཆེར་ཁོ་ལོམ་པི་ཡ་ནས་ཐོན་ཏེ་ནུབ་རྒྱ་མཚོ་ཆེན་པོ་འཕྲེད་དུ་བརྒལ་ཏེ་དུག་རྫས་ཡོ་རོབ་ཏུ་འདྲེན་རྩིས་ཡོད་པ་རེད། འདི་ནི་སི་ཕེན་ཉེན་རྟོག་ཕྱོགས་ཀྱིས་ཐོག་མར་རྒྱ་མཚོ་བརྒལ་ནས་དུག་འདྲེན་པའི་ཆུར་འཛུལ་དམག་གྲུ་ཆུང་གྲས་ཀྱི་མདུན་བཀག་ཐེངས་དང་པོ་ཡིན།

ཆུར་འཛུལ་དམག་གྲུ་དེ་ཕལ་ཆེར་ཁོ་ལོམ་པི་ཡ་ནས་ཐོན་ཏེ་ནུབ་རྒྱ་མཚོ་ཆེན་པོ་འཕྲེད་དུ་བརྒལ་ཏེ་དུག་རྫས་ཡོ་རོབ་ཏུ་འདྲེན་རྩིས་ཡོད་པ་རེད།

འདི་ནི་སི་ཕེན་ཉེན་རྟོག་ཕྱོགས་ཀྱིས་རྒྱ་མཚོ་བརྒལ་ནས་དུག་འདྲེན་པའི་ཆུར་འཛུལ་དམག་གྲུ་ཆུང་གྲས་ཀྱི་མདུན་བཀག་ཐེངས་དང་པོ་ཡིན་པ་རེད།

     གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་དུག་འགོག་བྱ་སྤྱོད་དེ་རྒྱལ་སྤྱིའི་ཉེན་རྟོག་པས་མཉམ་ལས་དམ་ཟབ་བྱས་པ་ལས་བྱུང་བ་ཞིག་རེད། སི་ཕེན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཟླ་11ཚེས་15ཉིན་ནས་བཟུང་ཕོར་ཐི་གལ་ཉེན་རྟོག་ཕྱོགས་ནས་གསང་འཕྲིན་འབྱོར་བ་དང་། དུག་འདྲེན་བྱེད་དོགས་ཡོད་པའི་ཆུར་འཛུལ་དམག་གྲུ་ཆུང་ངུ་ཞིག་དེ་སྔ་མཚོ་འགྲམ་ས་ཁུལ་དུ་སྡོད་མྱོང་ཡོད་པས་ལྟ་སྐུལ་ཚོད་འཛིན་དང་རྗེས་སྙེག་དམ་ཟབ་བྱས་པ་རེད།

འཛིན་བཟུང་བྱས་པའི་ཨེ་ཁྭ་ཏོར་ནས་ཡིན་པའི་དུག་འདྲེན་མི་སྣ་ཞིག

     ཆུར་འཛུལ་དམག་གྲུའི་ཐོག་གི་དུག་འདྲེན་མི་སྣ་གསུམ་གྱིས་ཉེན་རྟོག་ཕྱོགས་ཀྱིས་རྗེས་འདེད་བྱེད་བཞིན་པ་ཤེས་རྗེས་ཆུར་འཛུལ་དམག་གྲུ་སི་ཕེན་གྱི་མཚོ་འགྲམ་ཉེ་འགྲམ་དུ་བསྐྱུར་རྗེས་བྲོས་པ་རེད། ཨེ་ཁྭ་ཏོར་ནས་ཡིན་པའི་དོགས་ཡོད་ཉེས་ཅན་པ་གཉིས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་ལས་བཙོན་གྲོལ་བཏང་མི་ཆོག་པ་བྱས་པ་དང་། སི་ཕེན་ནས་ཡིན་པའི་དོགས་ཡོད་ཉེས་ཅན་པ་གཞན་ཞིག་བྲོས་ཟིན་པ་རེད། 

ཉེན་རྟོག་ཕྱོགས་ཀྱིས་ཆུར་འཛུལ་དམག་གྲུ་ནས་ཁོ་ཁ་དབྱིན་སྟོང་ཁེ་3000ཙམ་འཚོལ་བཤེར་ཐུབ་པ་དང་རིན་ཐང་ཨ་སྒོར་དུང་ཕྱུར་1.2ཙམ་ཟིན་གྱི་ཡོད།

     བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་ཆུར་འཛུལ་དམག་གྲུ་དེའི་རིང་ཚད་ལ་དབྱིན་ཁྲེ་65ཙམ་ཡོད་པ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཀུའེ་ཡ་ན་ནས་བཟོས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་རིགས་འདེད་བྱས་པ་ལྟར་ན་ཆུར་འཛུལ་དམག་གྲུ་འདི་ཁོ་ལོམ་པི་ཡ་ནས་ཐོན་ཞིང་སྤྱི་ལེ་7690བསྐྱོད་དེ་ནུས་རྒྱ་མཚོ་འཕྲེད་དུ་བརྒལ་ནས་ཡོ་རོབ་ཏུ་འགྲོ་རྩིས་ཡོད་པ་དང་། ཆུར་འཛུལ་དམག་གྲུ་ནི་མེ་གླིང་ལྷོ་མའི་དུག་འཚོང་ཚོགས་པ་ཆེན་པོ་ཞིག་གི་ཁོངས་སུ་གཏོགས་པ་དང་། གང་ལགས་ཤེ་ན། ཚོད་དཔག་བྱས་ན་ཆུ་འཛུལ་དམག་གྲུ་དེ་ཁོ་ནའི་རིན་ཐང་ཨ་སྒོར་ཁྲི་270ཟིན་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ཆུར་འཛུལ་དམག་གྲུ་ལ་བརྟེན་ནས་དུག་ཚོང་རྒྱག་པའི་གྱོད་གཞི།