ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

2019-11-23 17:53:00     责编:sangjzm

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

སྤྱི་ཟླ11པའི་ཚེས20ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མོ་སི་ཁོར་འཚོགས་པའི་ཨུ་རུ་སུས་འབོད་སྐུལ་བྱེད་བཞིན་ཡོད་ཅེས་པའི་ལོ་འཁོར་མའི་རྒྱལ་སྤྱིའི་མ་འཇོག་གླེང་སྟེགས་སྟེང་གསུང་བཤད་གནང་སྐབས། མིག་སྔའི་ཨ་རིའི་འཐབ་ཇུས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ནི་ཀྲུང་གོ་དང་ཨུ་རུ་སུར་བཀག་འགོག་བྱ་རྒྱུ་དེ་རེད། ཡིན་ཡང་འཐབ་ཇུས་ཀྱི་ངེས་གནས་དེར་ནོར་འཁྲུལ་ཚབས་ཆེན་ཤོར་བ་མ་ཟད། ཨ་རི་རང་ངོས་ཀྱི་ཁེ་ཕན་ལའང་གནོད་འཚེ་ཕོག་ངེས་ཞེས་གསུངས།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིས་ཚོགས་འདུ་ཆེ་ཆུང་ཅི་རིགས་སྟེང་ཡོངས་བསྒྲགས་སྤེལ་ཏེ། ཁོ་ཚོས་རྒྱལ་སྤྱིའི་དཔལ་འབྱོར་འབྲེལ་བ་དོ་སྙོམས་ཡོང་འདོད་མེད་པ་བསྟན། དེའི་འཐབ་ཇུས་ཀྱི་དམིགས་ཚད་གཙོ་བོ་ནི་ཀྲུང་གོ་དང་ཨུ་རུ་སུའི་འཕེལ་རྒྱས་ལ་བཀག་འགོག་བྱ་རྒྱུ་དེ་རེད། ངས་བལྟས་ན་དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་དང་། ཤུགས་རྐྱེན་གཏིང་ཟབ་པ། ཐ་ན་ཨ་རི་རང་ཉིད་ཀྱི་རྒྱལ་སྤྱིའི་གོ་གནས་ལའང་གནོད་པ་གཏོང་ངེས།

ཕུའུ་ཅིང་གིས་ཨ་རིས་གཞན་ལ་བཀག་སྡོམ་བྱས་ནས་རང་གི་ཁེ་ཕན་ལ་གནོད་པ་གཏོང་བཞིན་འདུག་ཟེར།

གཟའ་འཁོར་སྔོན་མར་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡ་རུ་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་མཇལ་ཐེངས་བཅུ་གཅིག་པའི་སྟེང་། ཕུའུ་ཅིང་གིས་རྒྱལ་ཁབ་ཁ་ཤས་ཀྱིས་ཆབ་སྲིད་ཀྱི་ཀུན་སློང་ལ་བརྟེན་ནས་ལག་བསྟར་བྱས་པའི་བཀག་སྡོམ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་གསུངས་ཤིང་། ཚེས20ཉིན་ཁོའི་ལྟ་ཚུལ་དེ་བསྐྱར་བཤད་བྱས། ཁོང་གིས་ད་དུང་ཨ་རིས་ཨུ་རུ་སུར་བསྟུད་མར་བཀག་སྡོམ་བྱས་པ་དེས་ཨུ་རུ་སུའི་དཔལ་འབྱོར་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་མེད་པར་མ་ཟད། དེ་ལས་ལྡོག་སྟེ་ཨུ་རུ་སུས་ནང་འདྲེན་ཚབ་བྱེད་འཆར་གཞི་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་། ཡིན་ཡང་ཨ་རིའི་བྱ་ལོག་སྤྱོད་ལོག་གི་བྱེད་སྟངས་དེ་དངོས་གནས་གོ་དཀའ་བ་ཞིག་རེད་ཅེས་གསུངས།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིས་སྤེལ་བའི་ཨུ་རུ་སུར་བཀག་སྡོམ་བྱེད་པའི་རྣམ་གྲངས་བརྒྱ་ལྷག་ཙམ་ཡོད་པ་དང་། དེ་དག་ཀུང་སི400དང་མི་སྒེར300ལྷག་དང་འབྲེལ་བ་ཡོད་པས། དེའི་ཕན་འབྲས་ཧ་ཅང་ཆུང་། དཔེར་ན། ཨ་རིས་རང་རྒྱལ་གྱི་ཀུང་སིས་ཨུ་རུ་སུར་མ་འཇོག་བྱ་རྒྱུ་གཏན་འགོག་བྱས། དེའི་རྒྱུ་མཚན་གང་ཡིན་ནམ། ཨ་རིའི་ཀུང་སི་དེ་དག་གིས་རྣམ་གྲངས་ཁ་ཤས་ཐོག་མ་དངུལ་ངེས་ཅན་ཞིག་བཏང་ཡོད་མོད། ཨ་རིའི་བསྡམ་རྒྱར་རྐྱེན་བྱས་ནས་མ་རྩ་བརྡིབས་པའི་གནས་ཚུལ་འོག(ཨུ་རུ་སུ)ཕྱིར་མི་འབུད་ཐབས་མེད་བྱུང་། དེ་ལྟར་བྱས་ན་སུ་ཞིག་ལ་ཆད་པ་བཅད་པ་རེད་དམ། རང་ཉིད་ལ་ཆད་པ་བཅད་ནས་རང་གི་མགོ་ཐོག་ལ་མེ་མདས་བརྒྱབ་པ་མ་ཡིན་ནམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག སྒྲོལ་མ།

སྒྲིག་སྒྱུར། རྟ་མགྲིན།

中央广播电视总台 央广网 版权所有

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།