ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཁོང་སི་རི་ལན་ཁའི་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ།

2019-11-18 16:03:00     责编:卓玛才让

 

ཟླ་1ཚེས་17ཉིན། སི་རི་ལན་ཁའི་ཁོ་ལོན་པོ་རུ་ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་ས (དཀྱིལ)ཡིས་རྒྱལ་སྐྱོར་མཁན་ལ་གུས་འདུད་ཞུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།  སི་རི་ལན་ཁའི་འདེམས་བསྐོ་ཨུ་ལྷན་གྱིས་ཚེས་17ཉིན་ཁྱབ་བསྒྲགས་བྱས་དོན། ངོ་རྒོལ་ཏང་གི་མི་དམངས་འཐབ་ཕྱོགས་ཏང་གིས་མིང་འདོན་བྱས་པའི་ཙུང་ཐུང་གི་འོས་མི་དང་དེ་སྔའི་རྒྱལ་སྲུང་དང་གྲོང་ཁྱེར་འཕེལ་རྒྱས་པུའི་དྲུང་ཡིག་ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་སར་ཚེས་16ཉིན་འཚོགས་པའི་ཙུང་ཐུང་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་རེད།

    སི་རི་ལན་ཁའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཤིན་ཏ·ཏེ་ཧྲ་ཕུའུ་ལི་ཡས་དེ་ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུངས་དོན། འདེམས་ཤོག་ཚང་མའི་བསྡོམས་རྩིས་མཇུག་འབྲས་ལ་གཞིགས་ན། ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་ས་ལ་འདེམས་ཤོག་ཁྲི་690ལྷག་ཙམ་ཐོབ་ནས་འདེམས་ཤོག་ཐོབ་ཚད་52.25%ཟིན་པ་དང་། སྲིད་འཛིན་ཏང་གི་གཅིག་གྱུར་གོ་མིན་ཏང་གིས་འགོ་ཁྲིད་པའི་དམངས་གཙོའི་འཐབ་ཕྱོགས་གསར་པའི་འོས་མི་ས་ཅི་ཐེ·ཕུའུ་ལེ་མཱ་ཏ་སར་ཐོབ་པའི་འདེམས་ཤོག་ཧ་ལམ་ཁྲི་550ཙམ་ཡིན་པ་དང་འདེམས་ཤོག་ཐོབ་ཚད་41.99%ཟིན་ཡོད།

ཟླ་11ཚེས་17ཉིན། སི་རི་ལན་ཁའི་ཁོ་ལོན་པོ་རུ་ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་ས་ཡི་རྒྱབ་སྐྱོར་མཁན་ཚོས་ཁྲོམ་གཞུང་དུ་རྟེན་འབྲེལ་ཞུ་བཞིན་ཡོད།

    ཚེས་17ཉིན་གྱི་ཞོགས་པར། ས་ཅི་ཐེ·ཕུའུ་ལེ་མཱ་ཏ་སས་གསལ་བསྒྲགས་སྤེལ་ཏེ་འདེམས་ཕམ་བྱུང་པ་ཁས་ལེན་བྱས་པ་མ་ཟད་ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་ས་ལ་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད།

    འདེམས་བསྐོའི་མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་རྗེས། ཀེ་ཐ་པ་ཡ་·ལ་ཅ་ཕ་ཁེ་ས་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་རིང་ནི་མི་རྣམས་དགའ་འོས་པའི་ཉིན་ཞིག་ཡིན་པ་དང་། ང་རང་ནས་ཙུང་ཐུང་གི་འགན་བཞེས་པ་དང་ངའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་མགོ་བརྩམས་པའི་གྲ་སྒྲིག་བྱས་ཡོད་ཅེས་བཤད་ཡོད་པ་རེད།

ཟླ་11ཚེས་17ཉིན། སི་རི་ལན་ཁའི་ཁོ་ལོན་པོ་རུ་ཀེ་ཐ་པ་ཡ·ལ་ཅ་ཕ་ཁེ་ས (མདུན)ཡིས་རྒྱལ་སྐྱོར་མཁན་ལ་གུས་འདུད་ཞུ་བཞིན་པ།

     མི་དམངས་འཐབ་ཕྱོགས་ཏང་གིས་གསལ་བསྒྲགས་ཤིག་ནང་། ཀེ་ཐ་པ་ཡ·ལཱ་ཅ་ཕ་ཁེ་ས་ཡིས་ཚེས་18ཉིན་སི་རི་ལན་ཁའི་དབུས་བྱང་རྒྱུད་གྱི་མངའ་སྡེ་ཨ་ནུ་ལ་ཏ་ཕུའུ་ལ་རུ་འགན་བཞེས་དམ་བཅའ་འཇོག་རྒྱུ་ཡིན་པ་བཤད་ཡོད།

     སི་རི་ལན་ཁའི་ཙུང་ཐང་འདེམས་བསྐོ་དེ་ཚེས་16ཉིན་བྱས་པ་དང་ཁྱོན་འོས་མི་35འདེམས་བསྐོར་ཞུགས་ཡོད་པ་རེད། ཏེ་ཧྲ་ཕུའུ་ལི་ཡས་དུས་ཚོད་སྔ་ཙམ་གྱི་སྐབས་“དེ་ནི་རྒྱལ་ཁ་ལྡན་པའི་ཙུང་ཐུང་འདེམས་བསྐོ་ཞིག་རེད”ཅེས་བཤད་པ་དང་། འདེམས་བསྐོ་བྱེད་རིང་ཤི་རྨས་དང་གཏུམ་སྤྱོད་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་མེད་པ་དང་འདེམས་དམངས་ཀྱིས་འདེམས་ཤོག་འཕེན་ཚད་80%ལས་བརྒལ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

ཐེ་རོམ་ཕུ་ལ་ཐེར་འདོན་བྱེད་པ་དེ་དཔང་ཉན་དུས་རིམ་ལ་སླེབས་པ།

ཐོག་མའི་དཔང་ཉན་ཚོགས་འདུ་ནི་ཨ་རི་རྒྱལ་ཚོགས་གྲོས་ཁང་འོག་མའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པ་སྟེ། ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། དམངས་གཙོ་ཏང་གི་ཁོངས་མི་ཞི་ཧྥུུའུ་ཡིས་གཙོ་སྐྱོང་བྱས། དཔང་མི་ནི་ཡོ་རོབ་དང་ཨེ་ཤ་ཡ་ཡོ་རོབ་ལས་འགན་འཁུར་བའི་སྲིད་བློན་གྱི་ལས་རོགས་ཁེན་ཐེ་དང་། ཨ་རིའི་ཡུག་རེན་དུ་བཅའ་སྡོད་གནས་སྐབས་ལས་ཚབ་ཐའེ་ལེ་གཉིས་རེད།

中央广播电视总台 央广网 版权所有

ཁོང་སི་རི་ལན་ཁའི་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ།