ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཏ་ཧྥུན་ཆི་སྐུ་གཤེགས་ནས་ལོ500འཁོར་བར་དྲན་གསོ་ཞུ་བའི་འགྲེམས་སྟོན།

2019-10-24 14:57:00     责编:sangjzm

ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་དུ་ཏ་ཧྥུན་ཆི་སྐུ་གཤེགས་ནས་ལོ་500འཁོར་བར་དྲན་གསོ་ཞུ་བའི་དམིགས་བསལ་འགྲེམས་སྟོན་སྤེལ་རྒྱུ་ཡིན་པ།

འདི་ནི་ཟླ་10ཚེས་22ཉིན། ཧྥ་རན་སེའི་ཕ་རི་སིའི་ལུའུ་ཕུའུ་ཕོ་བྲང་དུ་གཉེར་བའི་ཏ་ཧྥུན་ཆིའི་རི་མོའི་ལོ་རྒྱུས་ལ་དྲན་གསོ་ཞུ་བའི་གྲ་སྒྲིག་འགྲེམས་སྟོན་ཐོག་བླངས་པའི་《མཛེས་སྡུག་ལྡན་པའི་ལྕམ་མོ་ཧྥེ་ལུང་ཉི་ཡེ》ཞེས་པའི་པར་དེ་རེད།

ད་ལོ་ནི་རིག་རྩལ་བསྐྱར་དར་གྱི་མཁས་དབང་ཆེན་པོ་ལའེ་ཨང་ན་ཏོ་ཏ་ཧྥུན་ཆི་སྐུ་གཤེགས་ནས་ལོ་500འཁོར་བའི་ལོ་ཡིན་པ་དང་། ཧྥ་རན་སེའི་ཕ་རི་སིའི་ལུའུ་ཕུའུ་ཕོ་བྲང་གིས་ཟླ་10ཚེས་24ཉིན་ནས་བཟུང་ཏ་ཧྥུན་ཆིའི་རི་མོའི་ལོ་རྒྱུས་ལ་དྲན་གསོ་ཞུ་བའི་འགྲེམས་སྟོན་སྤེལ་རྒྱུ་ཡིན་ཞིང་། དམིགས་བསལ་འགྲེམས་སྟོན་དེ་2020ལོའི་ཟླ་2ཚེས་24ཉིན་བར་སྤེལ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་དམིགས་བསལ་འགྲེམས་སྟོན་ཐོག་ལུའུ་ཕུའུ་ཕོ་བྲང་དུ་ཉར་ཚགས་བྱས་པའི《བྲག་བར་གྱི་འཕགས་མ》དང་། 《མཛེས་སྡུག་ལྡན་པའི་ལྕམ་མོ་ཧྥེ་ལུང་ཉི་ཡེ》《འཁྲུ་བ་གནང་མཁན་ཧྲེང་གཡོད་ཧན》《འཕགས་མའི་བུ་དང་ཧྲེང་ཨན་ཉི》སོགས་ཏ་ཧྥུན་ཆིའི་བརྩམས་ཆོས་འགྲེམས་སྟོན་བྱེད་པ་དང་། དེ་མིན། དབྱི་ཐ་ལི་དང་། དབྱིན་ཇི། ཨ་རིའི་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་ཁོ་ཚོས་གཅེས་ཉར་བྱས་པའི་ཏ་ཧྥུན་ཆིའི་ཕྱག་བྲིས་དངོས་མ་ཕྱིར་གཡར་ཡོད། དེ་དང་ཆབས་ཅིག་《མཐའ་མའི་དགོང་ཟས》སོགས་བརྩམས་ཆོས་ཀྱི་བཤུ་འབྲིའི་བརྩམས་ཆོས་ཀྱང་འགྲེམས་སྟོན་བྱས་ཡོད་དོ།།

 

中央广播电视总台 央广网 版权所有