ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ངོ་མ་བསམ་ཡུལ་ལས་འདས་སོང་། ལམ་སེང་བརྒྱུད་བསྐུར་མཉམ་སྤྱོད་བྱེད།

2019-09-26 18:22:00     来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     责编:娜科

ཁྱེད་རང་ནས་ང་ཚོ་གནས་པའི་སའི་གོ་ལ་དང་། སའི་གོ་ལ་གནས་སའི་འཇིག་རྟེན་འདིར་རྒྱུས་མངའ་ཇི་ཙམ་ཡོད།

 

སྔོན་ལ་ཁྱེད་རང་ནས་སའི་གོ་ལར་གཟིགས་ཙམ་གནང་དང་།

དེ་རྗེས་གཤམ་གྱི་ཡི་གེ་དང་རི་མོར་གཟིགས་དང་།

ཁྱེད་རང་ཧང་སངས་བར་ངེས།

▼▼▼

ཉིན་ལྟར་སའི་གོ་ལའི་ཐོག་མི་མང་པོ་འདི་འདྲ་ཕར་འཕུར་ཚུར་འཕུར་བྱེད།

↓↓↓

    གཤམ་གྱི་དཀར་ཐིག་སྒོར་མོ་འདིའི་ནང་འཚོ་སྡོད་བྱེད་པའི་མི་གྲངས་ནི་ས་ཆ་གཞན་དག་ཏུ་འཚོ་སྡོད་བྱེད་མཁན་གྱི་སྤྱི་འབོར་ལས་ཀྱང་མང་།

     སའི་གོ་ལ་ཧྲིལ་པོའི་ལོ་རྒྱུས་ཐད་ནས་བཤད་ན། ད་ཕན་སའི་གོ་ལའི་ཐོག་མི་དུང་ཕྱུར1150ཙམ་འཚོ་སྡོད་བྱེད་མྱོང་བ་དང་། དེའི་ནང་ད་ལྟ་འཚོ་སྡོད་བྱེད་པའི་མི་དུང་ཕྱུར70ཡང་ཚུད་ཡོད།

     གོང་གི་པར་རིས་ཀྱི་ཚེགས་རེ་རེས་མི་ཁྲི1000རེ་མཚོན་པ་དང་། ལོ་ལྟར་མི་དུང་ཕྱུར1.4སྐྱེ་བ་དང་། ད་ཆ་འཛམ་གླིང་ཐོག་མི་དུང་ཕྱུར70ཡོད། ལོ་ལྟར་མི་ཁྲི5700གྲོངས་བ་དང་། ཚོད་དཔག་བྱས་ན་ད་ཕན་སའི་གོ་ལ་འདིའི་ཐོག་མི་དུང་ཕྱུར1080ཙམ་འཚོ་མྱོང་བ་དང་དེ་ནས་གྲོངས་ཡོད།

 

གཤམ་ནི་ལྷོ་སྣེ་གླིང་རེད། ཨ་རི་ལས་ཀྱང་ས་ཁྱོན་ཆེ་བ་ཡོད།

    གལ་སྲིད་སའི་གོ་ལར་ཆུ་མེད་ན་སའི་གོ་ལའི་རྣམ་པ་འདི་འདྲར་འགྱུར་རྒྱུ་རེད། ཞོག་ཁོག་དང་འདྲ་པོ་མི་འདུག་གམ།

ཁྱེད་ཀྱིས་ཤེས་སམ། རྒྱ་མཚོ་ཆེན་མོའི་གླིང་ནི་དོན་དངོས་ཐོག་ང་ཚོའི་བསམ་ཚོད་ལས་ཀྱང་ཆེ་བ་ཡོད།

     འདི་ནི་མ་ལེ་ཡ་ན་མཚོ་ཁུག་གི་གཏིང་ཚད་རེད། འདིར་མིའི་རིགས་ཀྱིས་ད་དུང་ཤེས་རྟོགས་མ་ཐུབ་པའི་མཚོ་གཏིང་གི་སྐྱེ་དངོས་ཧ་ཅང་མང་པོ་ཡོད།

    མི་བཟོས་སྲུང་སྐར་མང་པོ་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད། ཡིན་ནའང་མང་པོ་འདི་ལྟ་བུ་ཡོད་པ་བསམ་ཡུལ་ལས་འདས་སོང་།

    སའི་གོ་ལ་ནས་ཟླ་བའི་གོ་ལའི་བར་བར་ཐག་སྤྱི་ལེ་ཁྲི38.4ཡོད། ཡིན་ནའང་འཇིག་རྟེན་ཁམས་ཀྱི་ཐད་ནས་བཤད་ན་དེ་ནི་ཐག་ཧ་ཅང་ཐུང་ཐུང་རེད། ཡིན་ནའང་བར་ཐག་དེའི་ནང་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཚང་མ་ཤོང་གི་ཡོད།

    གལ་སྲིད་རྒྱུ་སྐར་མིག་དམར་(火星)ཐོག་གི་རི་བོ་ཨོ་ལིན་ཕ་སེ་དང་སའི་གོ་ལའི་ཐོག་གི་རི་བོའི་མཐོ་ཚད་བསྡུར་ན་སའི་གོ་ལའི་ཐོག་གི་རི་བོ་དག་ནི་ཧ་ཅང་ཆུང་ཆུང་རེད།

    རི་བོ་ཨོ་ལིན་ཕ་སེའི་མཐོ་ཚད་ལ་སྤྱི་ལེ27ཡོད། དེ་ནི་ཇོ་མོ་གླང་མའི་མཐོ་ཚད་ཀྱི་ལྡབ་གསུམ་ཡིན་ལ། ད་དུང་མའོ་ན་ཅི་མེ་རི་ལས་ཀྱང་ལྡབ་གཉིས་ཙམ་གྱིས་མཐོ་བ་ཡོད། རི་བོ་ཨོ་ལིན་ཕ་སེའི་རྩེ་མོ་རྒྱུ་སྐར་མིག་དམར་གྱི་རླུང་ཁམས་ཆེན་མོའི་ནང་ཐུག་ཡོད་དང་། རི་བོའི་ཞབས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ550ཡོད། རི་བོ་ཨོ་ལིན་ཕ་སེའི་རྒྱ་ཁྱོན་དེ་ཧ་ལམ་ཧྥ་རན་སིའི་རྒྱལ་ཁོངས་ས་ཁྱོན་དང་འདྲ་པོ་ཡོད།

    རྒྱུ་སྐར་ཕུར་བུ་(木星)ཡི་གཏོས་ཀྱང་ཧ་ཅང་ཆེན་པོ་ཡོད། ཡིན་ནའང་ང་རང་ཚོའི་སའི་གོ་ལ་དང་བར་ཐག་རིང་པོས་ཆོད་ཡོད། གལ་སྲིད་རྒྱུ་སྐར་ཕུར་བུ་དེ་ཟླ་བའི་གོ་ལ་གནས་ས་འདིར་ཡོད་ན། གཤམ་གྱི་པར་ལྟར་ང་ཚོའི་མཐོང་ལམ་དུ་རྒྱུ་སྐར་ཕུར་བུ་ཧ་ཅང་ཆེན་པོ་ཞིག་མཐོང་ངེས།

    དེ་ལྟར་མཐོང་ན་ང་ཚོའི་མཐོང་ལམ་དུ་རྒྱུ་སྐར་ཕུར་བུ་མ་གཏོགས་གཞན་མཐོང་བར་དཀའ།

 

    དོན་དངོས་ཐོག་རྒྱུ་སྐར་ཕུར་བུ་ནི་ང་ཚོར་བཀའ་དྲིན་ཆེན་པོ་རེད། རྒྱུ་མཚན་ནི་རྒྱུ་སྐར་དེའི་འཐེན་ཤུགས་ཀྱིས་རྒྱུ་སྐར་ཆུང་ཆུང་མང་པོ་སའི་གོ་ལའི་འཁོར་ལམ་ནས་འཐེན་འགྲོ་བས་རེད།

    མ་གཞི་ཁྱེད་ཀྱིས་ང་ཚོའི་སྐད་ཆ་གོ་མི་ཐུབ། ཡིན་ནའང་ཁྱེད་ཀྱིས་ང་ཚོར་སྲུང་སྐྱོབ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྒྱུ་སྐར་ཕུར་བུ་ལགས།

 

    གཡོན་ནི་རྒྱུ་སྐར་ཕུར་བུའི་སྲུང་སྐར་ཕུར་བུ་གཉིས་པའི་ཐོག་གི་ཆུའི་འདུས་ཚད་རེད། གཡས་ནི་སའི་གོ་ལའི་ཐོག་གི་ཆུའི་འདུས་ཚད་རེད།

    སའི་གོ་ལའི་ཐོག་གི་ཆུ་ནི་ང་ཚོའི་བསམ་ཚོད་ལས་ལྡབ་མང་པོས་མང་བ་ཡོད།

 

    ང་ཚོས་འཇིག་རྟེན་ཁམས་སུ་སྐར་མ་དུ་བ་མཇུག་རིང་(彗星)མང་པོ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་དེའི་ཆེ་ཆུང་གང་འདྲ་ཡོད་མེད་ཤེས་པར་དཀའ། དེས་ན་ང་ཚོས་ཨ་རིའི་ལོ་ཧྲན་ཅི་ཞེས་པའི་ཡུལ་དེ་དང་དུ་བ་མཇུག་རིང་བསྡུར་བ་ཞིག་བྱ།

    ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱང་ཟམ་མི་ཆད་པར་སྤོ་འགྱུར་བྱེད་ཀྱི་ཡོད། ཉི་མའི་ཁྱིམ་རྒྱུད་ཀྱིས་ལོ་དུང་ཕྱུར2.25སྤྱད་ན་དགུ་ཚིགས་(银河)ལ་བསྐོར་བ་གཅིག་རྒྱག་ཐུབ། ད་ལྟའི་ང་ཚོའི་སའི་གོ་ལ་འདི་གནས་ས་དེ་ལོ་དུང་ཕྱུར2.25ཡི་གོང་གི་གནས་ས་དེ་རང་ཡིན། སྐབས་དེ་དུས་གཏུམ་འབྲུག་ཀྱང་སྟོངས་མེད།

    ང་ཚོས་མཚན་མོ་གནམ་ལ་བལྟ་སྐབས། རྒྱུ་སྐར་གཞན་དག་ནི་ཧ་ཅང་ཆུང་ཆུང་དུ་མཐོང་། ཡིན་ནའང་རྒྱུ་སྐར་སྤེན་པ་(土星)ཡི་ལྟག་རྒྱབ་ནས་བལྟས་ན་སའི་གོ་ལ་ཡང་ཧ་ཅང་ཆུང་ཆུང་དུ་མཐོང་།

    འཇིག་རྟེན་ཁམས་ཀྱི་ཁྱབ་ཁོངས་ནས་བལྟས་ན་ང་ཚོ་མིའི་རིགས་ཀྱིས་མཐོང་བ་དང་ཤེས་པ་ནི་གཤམ་གྱི་པར་ནང་གི་སྒོར་ཐིག་སེར་པོ་དེ་ཙམ་རེད།

    དགུ་ཚིགས་ཁྱིམ་རྒྱུད་ཁྱབ་ཁོངས་ནས་བཤད་ན། མིའི་རིགས་ཀྱི་འཇིག་རྟེན་རྒྱང་བསྒྲགས་ཀྱི་ཁྱབ་ཚད་དེ་གཤམ་གྱི་པར་ནང་གི་ཚེགས་སྔོན་མོ་དེ་ཙམ་རེད། བྱས་ཙང་ང་ཚོ་མིའི་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཇིག་རྟེན་ཁམས་ཀྱི་འཚོལ་ཞིབ་ལས་སྒོ་གཉེར་གྱི་ཡོད།

    འདི་ནི་ང་ཚོས་ལོ་ལྟར་དགུ་ཚིགས་ཁྱིམ་རྒྱུད་ཁྲོད་ནས་འཚོལ་རྙེད་ཐུབ་པའི་སྐར་མའི་གོ་ལའི་གྲངས་འབོར་རེད།

    དགུ་ཚིགས་ཁྱིམ་རྒྱུད་ནི་ཧ་ཅང་ཆེན་པོ་ཡིན་པར་སྣང་། ཡིན་ནའང་ང་ཚོས་ཡང་བསྐྱར་བསྡུར་བ་ཞིག་བྱ།

(གཡས་ནས་གཡོན་བར་)དགུ་ཚིགས་སྐར་ཁྱིམ་དང་། ལྷ་མོའི་སྐར་ཚོམ། བུ་མོའི་སྐར་ཚོམ་ཀ་པ། IC-1011སྐར་ཚོམ་བཅས་ཡིན།

 

    འདི་དག་ལ་གཟིགས་ཚར་རྗེས། ཁྱེད་རང་ལ་ང་དང་འདྲ་བར་རང་ཉིད་ཧ་ཅང་ཉམས་ཆུང་ཞིག་ཡིན་པའི་ཚོར་སྣང་འབྱུང་སྲིད། ཡིན་ནའང་ཁྱེད་རང་ནས་མཁྱེན་དགོས་པར། ཉིན་ལྟར་ཁྱེད་ཀྱི་གཟུགས་པོའི་ནང་ཕྲ་ཕུང་དུང་ཕྱུར་ཁྲི་ཕྲག་འགུལ་སྐྱོད་བྱེད་བཞིན་ཡོད། གཤམ་གྱི་པར་ནི་ཁྲག་རིལ་དཀར་པོས་གཞན་བརྟེན་སྲིན་འབུར་རྒོལ་བའི་རྣམ་པ་རེད།

    ད་དུང་ཞིབ་ཚགས་སུ་བཏང་ན། དངོས་པོ་དེ་དག་ཚང་མ་ཆ་རྡུལ་(分子)གྱིས་གྲུབ་པ་དང་། འདི་ནི་དེ་དག་ཁྲོད་ཀྱི་གཅིག་རེད།

    མཇུག་ཏུ་ཁྱེད་རང་ནས་མཁྱེན་དགོས་པ་ཞིག་ནི། ཁྱེད་ཀྱི་གཟུགས་པོའི་ནང་རྡུལ་ཕྲ་རབ་7,000,000,000,000,000,000,000,000,000ཡོད་པ་དེ་རེད།

 

    དེ་དག་ལ་བསམ་བློ་བཏང་རྗེས་ཡང་བསྐྱར་རང་ཉིད་ཆེན་པོ་ཞིག་ཡིན་པའི་བློ་སྤོབས་སྐྱེས་བྱུང་། ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང་།

 

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། མིག་དམར་རྒྱལ་པོ།

འཛམ་གླིང་སྐར་ཁུངས།

ངོ་མ་བསམ་ཡུལ་ལས་འདས་སོང་། ལམ་སེང་བརྒྱུད་བསྐུར་མཉམ་སྤྱོད་བྱེད།

ཁྱེད་རང་ནས་ང་ཚོ་གནས་པའི་སའི་གོ་ལ་དང་། སའི་གོ་ལ་གནས་སའི་འཇིག་རྟེན་འདིར་རྒྱུས་མངའ་ཇི་ཙམ་ཡོད།

中央广播电视总台 央广网 版权所有