འཇར་མན་གྱི་ཙུང་ལིས་ལོ་23གོང་གི་གྱོན་ཆས་གྱོན་པར་ཀུན་གྱིས་བསྔགས།
སྤེལ་བའི་དུས་ཚོད། : 2019-08-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་ཆར། འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ལོ་23གོང་གི་གྱོན་ཆས་ཤིག་གྱོན་པར་མི་མང་པོའི་དོ་སྣང་ཐེབས་ཤིང་ཁོང་མོ་བསྲི་ཚགས་ཆེ་ཚུལ་དང་བབ་ཆགས་ཡིན་ཚུལ་ལ་བསྔགས་བརྗོད་བྱས་ཡོད།

  

 ཤེས་རྟོགས་བྱུང་བ་ལྟར་ན། གྱོན་གོས་འདི་ནི་མོ་ཁེར་གྱིས་ལོ་23གོང་ཨ་རི་ནས་ཉོས་པ་ཡིན་ཞིང་། 2002ལོར་པའེ་ལུའོ་དབྱི་ཐེ་རོལ་དབྱངས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཐོག་མར་གྱོན་པ་དང་། དེ་རྗེས་རིམ་བཞིན་2008ལོ་དང་། 2014ལོ། 2017ལོ། 2019ལོ་སོགས་སུ་གྱོན་ཡོད།

  

 ད་ལོ་ལོ་ན་65ལ་སླེབས་པའི་མོ་ཁེར་ནི་འཇར་མན་གྱི་ཧན་པའོ་རུ་འཁྲུངས་ཤིང་། 2005ལོའི་ཟླ་11པར་འཇར་མན་གྱི་ཙུང་ལིར་བདམས་རྗེས། 2009ལོ་དང་། 2013ལོ། དེ་བཞིན་2018ལོ་བཅས་སྐབས་བཞིའི་རིང་ཙུང་ལིར་བདམས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་གཙོ་བོ་ཁག་ལས་སྲིད་སྐྱོང་བ་རིང་ཤོས་ཀྱི་ཆབ་སྲིད་གཙོ་འཛིན་དུ་གྱུར་ཡོད། 2021ལོར་ཙུང་ལིའི་འགན་ཡུན་ཐིམ་རྗེས་ཁོང་མོས་ལས་འཁྱུར་ངལ་གསོ་གནང་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། རྡོ་རྗེ་གཡུ་སྒྲོན།