ཨ་རིས་སྒྱུ་འཕྲུལ་དང་འདྲ་བའི་ལག་རྩལ་ཞིག་གསར་གཏོད་བྱས་འདུག
སྤེལ་བའི་དུས་ཚོད། : 2019-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཕྱི་རྒྱལ་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཚན་རྩལ་སྤྱི་གཉེར་ཁང་གྲགས་ཅན་ཀོས་ཀོ་(Google Inc.)ཡིས་Pixel4ཞེས་པའི་ཁ་པར་ཞིག་གསར་དུ་བཏོད་ཡོད་ཅིང་། ཁ་པར་དེར་བྱེད་ནུས་ཧང་སང་དགོས་པ་ཞིག་ལྡན་པ་ནི་ལག་པས་བརྙན་ཤེལ་ལ་ཐུག་རེག་མི་དགོས་པར་ཁ་པར་བཀོལ་སྤྱོད་བྱེད་ཐུབ་པ་དེ་རེད། ཚོད་དཔག་ལྟར་ན། སྒྱུ་འཕྲུལ་ཞིག་དང་འདྲ་བའི་བྱེད་ནུས་དེ་འདྲ་ལྡན་པའི་ཁ་པར་དེ་ད་ལོའི་སྟོན་ཁའི་ཟླ་10བར་འགྲེམ་སྤེལ་བྱ་རྒྱུ་རེད།

  

  ལག་རྩལ་དེའི་མིང་ལ་ Motion Sense ཞེས་བརྗོད་ཅིང་། དེ་ནི་རེག་ཚོར་བརྒྱུད་སྐྱེལ་བྱེད་པའི་དོན་ཡིན་ལ། གློག་དང་ཁབ་ལེན་གྱི་རླབས་ལ་བརྟེན་ནས་མངོན་འགྱུར་བྱུང་བའི་ལག་རྩལ་ཞིག་ཡིན།

  

  མིག་སྔར། ལག་རྩལ་འདི་ཡིས་མཛུབ་མོ་འགུལ་བ་ཙམ་བྱས་པས་ཁ་པར་ལ་ཉན་པ་དང་། གླུ་དབྱངས་གཏོང་བ། ཆུ་ཚོད་ཀྱི་སྒོ་རྒྱག་པ་སོགས་བྱེད་ཐུབ་ཅིང་། ཀོས་ཀོ་སྤྱི་གཉེར་ཁང་གིས་བཤད་པ་ལྟར་ན། མ་འོངས་པར་ལག་རྩལ་དེར་བརྟེན་ནས་ད་དུང་བྱེད་ནུས་སྔར་བས་མང་པོ་གཏོད་ཐུབ་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། བདེ་ལྷ་མོ།