རྒྱ་གར་གྱི་བྱིས་པ་ཞིག་ལ་སོ་526སྐྱེས་པ།
སྤེལ་བའི་དུས་ཚོད། : 2019-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

  《རྒྱ་གར་སྐབས་དོན་ཚགས་པར》ཐོག་སྤྱི་ཚེས་1ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ལོ་ན་7ཅན་གྱི་བྱིས་པ་ཞིག་ཉེ་ཆར་སྨན་ཁང་དུ་ཡོང་ཞིང་ཁོའི་མ་མགལ་ན་བ་མ་ཟད། གདོང་གཡས་པའང་སྐྲངས་འདུག་ཅེས་སྨན་པར་བསྟན་པ་དང་། སྨན་པས་CTདངXའོད་ལ་བརྟེན་ནས་བྱིས་པར་བརྟག་དཔྱད་བྱས་རྗེས། བྱིས་པའི་ཡ་མགལ་གཡས་པའི་སྟེང་དུ་སོ་ཆུང་ཆུང་མང་པོ་ཡོད་པའི་སྐྲངས་འབུར་ཞིག་ཡོད་པ་མཐོང་བ་དང་དེ་གཤག་བཅོས་བྱས། གཤག་བཅོས་བྱས་རྗེས་ཧ་ལས་པའི་དོན་ཞིག་བྱུང་བ་སྟེ། མ་གཞི་སྐྲངས་འབུར་དེའི་ནང་ཆེ་ཆུང་མི་འདྲ་བའི་སོ་526སྐྱེས་ཡོད་པ་རེད།

  

  བྱིས་པ་དེར་སོ་དེ་འདྲ་མང་པོ་སྐྱེ་བའི་རྒྱུ་རྐྱེན་ད་དུང་སྨན་པ་ཚོས་ཀྱང་ཤེས་མེད་པ་དང་། རྒྱ་གར་ལ་2014ལོར་ཡང་དེ་དང་འདྲ་བའི་གནས་ཚུལ་བྱུང་མྱོང་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། རྡོ་རྗེ་གཡུ་སྒྲོན།