ཅུང་ཙམ་མིན་ན། རྒྱུ་སྐར་ཞིག་སའི་གོ་ལར་ལྷུང་འདུག
སྤེལ་བའི་དུས་ཚོད། : 2019-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   ཉེ་ཆར། “2019ལོའི་OK”ཞེས་པའི་རྒྱུ་སྐར་ཆུང་ཆུང་ཞིག་ཆུ་ཚོད་རེར་སྤྱི་ལེ་ཁྲི་8.7ཙམ་གྱི་མྱུར་ཚད་ཐོག་ནས་སའི་གོ་ལ་དང་བར་ཐག་སྟོང་སྨི་ཁྲི་7.4ཙམ་ལས་མེད་པའི་མཁའ་དབྱིངས་ལས་མར་ལྷུང་ཡོད་ཅིང་། ཅུང་ཙམ་མིན་ན། རྒྱུ་སྐར་དེ་སའི་གོ་ལར་ལྷུང་ནས་སའི་གོ་ལར་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།

  

  གནམ་དཔྱད་རིག་པའི་ཆེད་མཁས་པས་གསུངས་པ་ལྟར་ན། གལ་ཏེ་རྒྱུ་སྐར་དེ་སའི་གོ་ལར་ལྷུང་ན། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཨ་རིས་ལྗར་པན་ཀོང་ཏའོ་ལ་འཕངས་པའི་རྡུལ་ཕྲན་འབར་མདེལ་འབར་གས་བྱུང་སྐབས་ཀྱི་ཟིལ་ཤུགས་ལས་ཀྱང་ལྡབ་ཙམ་30ཆེ་བས་སའི་གོ་ལར་གཏོར་སྐྱོན་ཚབས་ཆེན་བཟོ་སྲིད་པ་རེད།

 

གནམ་དཔྱད་རིག་པའི་ཆེད་མཁས་རྣམ་པས་རྒྱུ་སྐར་ཆུང་བ་དེ་སའི་གོ་ལའི་ཕྱོགས་སུ་ལྷུང་ཡོང་བའི་གནས་ཚུལ་དེ་དེ་ལྷུང་བའི་ཉིན་གཅིག་གོང་མ་གཏོགས་ཤེས་མེད་ཅིང་། ཆེད་མཁའ་པས་ཐེངས་འདིའི་དོན་རྐྱེན་ལས་རྒྱལ་སྤྱིའི་བར་སྣང་གི་རྒྱུ་སྐར་ཆུང་བའི་ལྟ་ཞིབ་ཚད་ལེན་དྲ་བར་ད་དུང་སྟོང་ཆ་མང་པོ་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་མང་པོར་ད་དུང་བར་སྣང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འདང་ངེས་ཤིག་མེད་པ་ཤེས་ཐུབ་ཅེས་དང་། མིའི་རིགས་རྒྱུ་སྐར་གྱི་འཇིགས་པ་ལས་ཐར་དགོས་ན། ད་དུང་དེའི་ཞིབ་འཇུག་ལ་ནུས་ཤུགས་ཆེན་པོ་འདོན་དགོས་སྐོར་གསུངས་འདུག

 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། པད་མ།