རྒྱ་གར་གྱིས་འདར་སྒྲ་(抖音)ཞེས་པའི་ཀྲུང་གོའི་མཉེན་ཆས་འདི་མེད་པར་གཏོང་བའི་རེ་བ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-04-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    ཉེ་ཆར། མི་མང་པོའི་དགའ་བསུ་ཐོབ་པའི་ཀྲུང་གོའི་ཁ་པར་མཉེན་ཆས་འདར་སྒྲ་(抖音)ཞེས་པའི་རྒྱལ་སྤྱིའི་པར་གཞི་Tik Tokདེ་ཀུ་ཤུ་ཁར་པར་དང་འཚོལ་བཤེར་དྲ་བ་ཀུའུ་ཀོ་གཉིས་ལས་ཕབ་ལེན་བྱེད་རྒྱུ་མེད་པར་བཟོ་དགོས་པའི་རེ་བ་དྲག་པོ་བཏོན་ཡོད། རྒྱ་གར་གྱི་མ་ཏེ་ལ་སི་མཐོ་རིམ་ཁྲིམས་ཁང་གི་ལྟ་ཚུལ་ལྟར་ན། མཉེན་ཆས་དེར་དོ་དམ་ཡག་པོ་མེད་པ་དང་ཆ་འཕྲིན་དང་ནང་དོན་མི་ལེགས་པ་མང་པོ་ཡོད་པས་རྒྱ་གར་གྱི་བྱིས་པ་དང་གཞོན་ནུའི་ལུས་སེམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོས་དང་བཟོ་བཞིན་ཡོད་པ་རེད།

 

  དེ་ལས་གཞན། མཉེན་ཆས་དེ་རྒྱ་གར་གྱི་གཞོན་ནུ་ཚོས་འཁང་ར་སྣ་ཚོགས་བྱེད་སའི་སྟེགས་བུ་ཞིག་ཏུ་གྱུར་ཡོད་པས། རྒྱ་གར་གྱིས་དེ་ནི་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་ཕན་པ་མེད་པ་མ་ཟད། རྒྱ་གར་གྱི་མཚན་སྙན་གྲགས་ལ་ཡང་གནོད་པ་ཡོད་པའི་ལྟ་ཚུལ་འཛིན་གྱི་ཡོད་པར་བརྟེན། རྒྱ་གར་མི་དམངས་ལ་མཉེན་ཆས་དེ་ཕབ་ལེན་བྱེད་མི་ཆོག་པ་དང་། ལྷག་པར་དུ་མཉེན་ཆས་དེར་མི་ལྟ་བའི་རེ་བ་དྲག་པོ་བཏོན་མོད། འོན་ཀྱང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ད་དུང་ཁྲིམས་གཅོད་བྱས་མེད་ལ། ཀུ་ཤུའི་ཚོང་ཁང་གིས་ཀྱང་ད་དུང་དེ་མེད་པར་བཟོས་མེད་པ་རེད།

   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།