པར་དུ་བཏབ་པའི་མིས་བཟོས་སྙིང་ཐོག་མ་དེ་ཐོན་འདུག
སྤེལ་བའི་དུས་ཚོད། : 2019-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   དབྱི་སི་རལ་གྱི་ཞིབ་འཇུག་པས་སྤྱི་ཚེས་15ཉིན་ཁོང་ཚོས་མི་ལུས་ཀྱི་གྲུབ་ཚུལ་དང་ཕྲ་ཕུང་མ་བཅོས་རྒྱུ་ཆར་བྱས་ཏེ་3Dཔར་འདེབས་ལག་རྩལ་ཐོག་ནས་བྱེད་ནུས་ཆ་ཚང་བའི་སྙིང་པར་དུ་བཏབ་པ་ཁྱབ་བསྒྲགས་བྱས་པ་དང་། དེར་ཕྲ་ཕུང་དང་ཁྲག་རྩ། སྙིང་ཁོག སྙིང་ཁང་སོགས་ཆ་ཚང་འདུས་པ་འཛམ་གླིང་གི་ཐོག་མ་ཡིན་པ་རེད། སྙིང་གི་ཆེ་ཆུང་དེ་སྲེའུ་དང་འདྲ་ལ་འཁུམ་འདུ་བྱེད་ནུས་ཡོད་མོད། འོན་ཀྱང་ཁྲག་གཤེར་འཐེན་གྱི་ནུས་པ་མེད། ཞིབ་འཇུག་པའི་འཆར་གཞི་ལྟར་ན། ལོ་གཅིག་ཙམ་འགོར་རྗེས་སྲོག་ཆགས་ཀྱི་ལུས་སྟེང་དུ་སྤོར་འཛུགས་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།


ཟླ་4ཚེས་15ཉིན་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུ་སློབ་ཆེན་དུ་3Dཔར་འདེབ་འཕྲུལ་ཆས་ཀྱིས་3Dསྙིང་པར་འདེབ་བྱེད་བཞིན་པ།

འདི་ནི་ཟླ་4ཚེས་15ཉིན་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུ་སློབ་ཆེན་ནས་པར་བླངས་པའི་3Dཡི་སྙིང་རེད།

ཟླ་4ཚེས་15ཉིན་དབྱི་སི་རལ་གྱི་ཐེ་ལ་ཝུའེ་ཧྥུ་སློབ་ཆེན་དུ་ཞིབ་འཇུག་པ་ཞིག་གིས་3Dསྙིང་འགྲེམ་སྟོན་བྱེད་བཞིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། བསྟན་རྒྱམ།