རྐང་ལག་བྲལ་ཡང་སྙིང་སྟོབས་ཀྱིས་ཁེངས་པའི་བུ་མོ་ཆུང་ཆུང་ཞིག
སྤེལ་བའི་དུས་ཚོད། : 2019-03-25 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

 སྤྱི་ཟླ་༣ཚེས་༡༧ཉིན། དབྱིན་ཇིའི་པ་སི་གྲོང་ཁྱེར་གྱི་ཨེ་ལིན་ཞེས་པའི་རྐང་ལག་བྲལ་བའི་བུ་མོ་ལོ་ལྔ་ཅན་ཞིག་མ་ལ་སུང་རྒྱུག་འགྲན་དུ་ཞུགས་ཤིང་། ཕ་མ་སོགས་ཀྱི་རྒྱབ་སྐྱོར་འོག་ཆུ་ཚོད་གསུམ་ཙམ་རིང་སྙིང་རུས་ཆེན་པོས་སྤྱི་ལེ་༢༡ཙམ་ལ་རྒྱུག་མཐར་འགྲན་སྡུར་དེ་བདེ་བླག་ངང་མཇུག་རྫོགས་འདུག

  

 བུ་མོ་ཆུང་ཆུང་འདིའི་སྙིང་སྟོབས་དང་བློ་སྤོབས་ལ་མི་ཀུན་གྱིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་། མོའི་དབང་པོར་སྐྱོན་ཡོད་ནའང་། སྙིང་སྟོབས་ནི་དབང་པོ་ཚང་བའི་མི་ལས་ཀྱང་ཆེ་བས་ང་ཚོས་མིག་དཔེར་ལྟ་འོས་ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། མོའི་བྱ་སྤྱོད་འདིས་མི་མང་པོར་སྐུལ་ལྕག་ཐེབས་ཤིང་སྤོབས་པ་བསྕལ་ཡོད། 
 

 ༢༠༡༤ལོ་སྟེ་བུ་མོ་ཨེ་ལ་ཟླ་བ་༡༠ཙམ་ཡིན་སྐབས། མོར་མི་འདོད་པའི་རྐྱེན་ངན་ཞིག་གིས་ཀླད་སྐྱིའི་གཉན་ཚད་དང་ཁྲག་རྒུད་ཀྱི་ནད་ཕོག་ནས་རྐང་ལག་བཞི་དང་སྣ་བཅས་གཅོད་དགོས་བྱུང་ཞིང་། སྐབས་དེར་སྨན་པས་མོ་གསོན་པའི་རེ་བ་ཡང་ཕལ་ཆེར་མེད་པའི་བརྡར་ཤ་བཅད་མོད། ཡིན་ནའང་ ༼མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།།༽ཅེས་པའི་དཔེ་ལྟར། བུ་མོ་སྙིང་རུས་ཅན་འདི་རྐྱེན་ངན་དེ་ལས་ཐར་བ་མ་ཟད། ད་དུང་རྐང་རྫུན་ལ་བརྟེན་ནས་འགྲོ་ཤེས་ཤིང་། རི་མོ་འབྲི་བ་དང་ཆུར་རྐྱལ་བ་སོགས་ཀྱང་བྱེད་ཐུབ་པར་གྱུར།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། བདེ་ལྷ་མོ།