གནམ་གྲུ་ཞིག་ས་ལ་ལྷུང་ཞིང་མི་157རྐྱེན་ལམ་དུ་ཤོར་བ།
སྤེལ་བའི་དུས་ཚོད། : 2019-03-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཚེས་10ཉིན་གྱི་སྔ་དྲོར། ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་(པོ་དབྱིན་737)རྒྱལ་ས་ཨེ་ཏི་སི་ཨ་པ་པར་ནས་ཁེན་ནི་ཡའི་ནེ་རོ་པི་རུ་འཕུར་བའི་ལམ་བར་དུ་སར་ལྷུང་ཞིང་། གནམ་གྲུའི་ནང་གི་འགྲུལ་པ་149དང་གནམ་གྲུའི་ལས་དོན་མི་སྣ་8ཡོངས་རྫོགས་རྐྱེན་ལམ་དུ་ཤོར་ཡོད་པ་དང་། འགྲུལ་པའི་ནང་ཀྲུང་གོ་བ་8ཀྱང་ཚུད་ཡོད།

 གནམ་གྲུ་དེ་ས་ལ་ལྷུང་བའི་རྒྱུ་རྐྱེན་ད་དུང་གསལ་བོ་ཤེས་མེད་པར་བརྟག་དཔྱད་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱངས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། པད་མ།