འབྲུག་ཡུལ་གྱི་བུ་མོ་འབྱར་མ་གཉིས་གཤག་བཅོས་བྱས་ཏེ་སོ་སོར་བཏང་བ།
སྤེལ་བའི་དུས་ཚོད། : 2019-03-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

 ན་ནིང་གི་ཟླ་11པར། འབྲུག་ཡུལ་གྱི་བུ་མོ་འབྱར་མ་གཉིས་ཨོ་སི་ཁྲུ་ལི་ཡའི་མོར་པན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སོང་ནས་སོ་སོར་འབྱེད་པའི་གཤག་བཅོས་བྱས་ཤིང་། གཤག་བཅོས་ཚར་རྗེས་ཟླ་བ་བཞི་ཙམ་རིང་སྨན་ཁང་དུ་བསྡད་དེ་ལྟ་ཞིབ་ནན་མོ་བྱས་མཐར། སྤྱི་ཟླ་3ཚེས་7ཉིན་བདེ་བླག་ངང་ཕྱིར་འབྲུག་ཡུལ་དུ་ལོག་ཡོད་འདུག

  

  བུ་མོ་དེ་གཉིས་ཀྱི་གཅིག་ལ་ཉི་མ་དང་གཞན་གཅིག་ལ་ཟླ་བ་ཟེར་ཞིང་། ཁོང་གཉིས་སྐྱེས་མ་ཐག་ནས་ལུས་སྨད་འབྱར་ཡོད་པ་དང་། མཆིན་པ་གཅིག་ལས་མེད་པ་རེད། བུ་མོ་གཉིས་ཀྱི་ཕ་བསོད་ནམས་ཚེ་རིང་གིས་ཁོང་གཉིས་སོ་སོར་འབྱེད་ཐུབ་པ་འདི་ནི་ཧ་ལས་དགོས་པའི་དོན་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། པད་མ།