ཝེ་ཐེ་ནམ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་15ལ་ཁྲིམས་ཆད་ཕོག་པ།
སྤེལ་བའི་དུས་ཚོད། : 2019-03-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་སྤྱི་ཚེས་7ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར། ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཕིང་ཧྲུན་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་ན་ནིང་ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་རྔམ་སྟོན་པ་15ལ་ལོ་གསུམ་རིང་བཙོན་དུ་འཇུག་པའི་ཁྲིམས་ཐག་བཅད་ཡོད། ཁྲིམས་ཁང་དེའི་ལྟ་ཚུལ་ལྟར་ན། ཁོ་ཚོས་སྐད་འབོད་དང་མང་ཚོགས་ལ་ངན་སྐུལ་བྱས་པ་མ་ཟད། ཆུ་ཚོད་15ཙམ་གྱི་རིང་མྱུར་བགྲོད་གཞུང་ལམ་ཞིག་བཀག་ཡོད་པས། བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྒྲིག་ལམ། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་གནོད་པ་བཟོས་ཡོད་པས་ཁྲིམས་ཆད་གཅོད་འོས་པ་རེད།

  ན་ནིང་གི་སྤྱི་ཟླ་6པར། ཝེ་ཐེ་ནམ་གྱི་གྲོང་ཁྱེར་མང་པོར་བསྟུད་མར་ཀྲུང་གོའི་སྤྱི་དམངས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་དོན་རྐྱེན་བྱུང་ཡོད་ལ། དེ་བྱུང་རྐྱེན་ནི་སྐབས་དེར་ཝེ་ཐེ་ནམ་གྱི་རྒྱལ་ཚོགས་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་ཞིག་འཛུགས་པའི་བཅའ་ཁྲིམས་འཆར་ཟིན་ཞིག་ལ་གྲོས་ཞིབ་བྱེད་བཞིན་ཡོད་པས་ཡིན་ལ། བཅའ་ཁྲིམས་འཆར་ཟིན་དུ་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་འགུག་པ་དང་། ཕྱི་རྒྱལ་བས་ལོ་99རིང་ས་ཞིང་གཡར་ཆོག་པའི་སྐོར་བཀོད་ཡོད་ཅིང་། འཆར་ཟིན་དེའི་ཁྲོད་ཆེད་དུ་ཀྲུང་གོ་བ་གླེང་མོད། འོན་ཀྱང་ངོ་རྒོལ་བྱེད་མཁན་གྱིས་ཆེད་དུ་ཀྲུང་གོ་བར་ངོ་རྒོལ་བྱས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  སྒྲིག་སྒྱུར། པད་མ།