ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཆེན་པོའི་ནུས་པ་མངོན་པ།
སྤེལ་བའི་དུས་ཚོད། : 2018-05-31 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ལོའི་ཟླ་5ཚེས་29ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་སྤེལ་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་རེད། ལོ་ངོ་70ཡི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པར་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དུས་རབས་21ལ་སླེབས་རྗེས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་པའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཆེན་པོའི་ནུས་པ་མངོན་པར་བྱས་ཡོད་པ་རེད། གོང་གི་པར་རིས་ནི་2018ལོའི་ཟླ་2ཚེས་7ཉིན། ལི་པེ་རི་ཡའི་རྒྱལ་ས་མོང་རོ་ཝི་ཡ་རུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་ས་གནས་དེ་གའི་སྡེ་ཁུལ་དུ་རྐང་ཐང་དྲག་ཆས་སྐོར་གཡེང་ཞབས་ཞུ་འགྲུབ་བཞིན་པ།

2017ལོའི་ཟླ་12ཚེས་28ཉིན། ལི་པེ་རི་ཡའི་རྒྱལ་ས་མོང་རོ་ཝི་ཡ་རུ་ལི་པེ་རི་ཡར་བཅའ་སྡོད་བྱེད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གིས་སྨན་དོན་མི་སྣ་མངགས་ནས་པིན་སིན་ལྦེར་སྡེ་ཁུལ་གྱི་དྭ་ཕྲུག་ཁང་གི་བྱིས་པ་དང་ལས་བཟོ་བར་འོས་འགན་སྨན་བཅོས་བྱས་པ།

2017ལོའི་ཟླ་11ཚེས་13ཉིན། ཁོང་ཀོ(ཅིན)པུའུ་ཁཱ་ཝུའུ་རུ་གྲོང་ཁྱེར་གྱི་SOSབྱིས་པའི་གྲོང་ཚོ་རུ་ས་གནས་དེ་གའི་བྱིས་པས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མེ་ཏོག་འབུལ་བཞིན་པ།

2017ལོའི་ཟླ་7ཚེས་25ཉིན། ལི་པེ་རི་ཡའི་རྒྱལ་ས་མོང་རོ་ཝི་ཡ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་དམིགས་བསལ་འཐུས་མི་ཧྥ་ལི་ཏེས་· ཀྲ་ལི་ཕུའུ(གཡོན་གྱི་གསུམ་པ)ཡིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གི་རུ་མི་ལ་མཐེ་བོང་བསྒྲེངས་བ།

2017ལོའི་ཟླ་2ཚེས་25ཉིན། ལེ་པ་ནོན་གྱི་ལྷོ་རྒྱུད་དུ་གནས་པའི་ཤིན་ཉི་ཡ་གྲོང་ཚོ་རུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་རུ་མིས་ཚབ་རྟགས“ལན་ཉའོ”ཞེས་པའི་ཕྱིར་འཐེན་ནང་སྦྱོང་ལ་ཞུགས་བཞིན་པ།

2016ལོའི་ཟླ་6ཚེས་15ཉིན། མ་ལིའི་ཅ་ཨའོ་ཡི་མཉམ་འབྲེལ་རྒྱལ་ཚོགས་མ་ལིའི་བརྟན་ལྷིང་ཚོགས་པ་ཀྲུང་གོའི་རིམ་གཉིས་སྨན་ཁང་དུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་རུ་མིས་ནད་པར་སྨན་བཅོས་བྱེད་བཞིན་པ།

2015ལོའི་ཟླ་11ཚེས་16ཉིན། སུའུ་ཏན་ལྷོ་མའི་ཀྲུའུ་པར་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་བའི་སྒར་སར་ཨང་དང་པོ་རུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་རུ་ཁག་གི་བུད་མེད་དམག་མི་ཅ་ཞའོ་ཁྲེང་གིས་སྐྱབས་བཅོལ་བྱིས་པར་བྱི་རིལ་བྱིན་བཞིན་པ།

2015ལོའི་ཟླ་11ཚེས་3ཉིན། ལི་པེ་རི་ཡའི་ཀེ་ལིན་ཝུའེ་འར་གྱི་གྲོང་ཚོ་ཞིག་ཏུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་གི་རུ་མིས་ཉེ་དུས་བདེ་འཇགས་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱེད་བཞིན་པ།

2015ལོའི་ཟླ་11ཚེས་1ཉིན། ལི་པེ་རི་ཡའི་སུའེ་བདེ་ལུ་གྲོང་ཁྱེར་ཉེ་འཁོར་གྱི་གྲོང་ཚོ་རུ་ཀྲུང་གོའི་ལི་པེ་རི་ཡར་སླེབས་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་སྨན་བཅོས་ཡན་ལག་རུ་ཁག་ཐེངས་བཅོ་བརྒྱད་པའི་ནད་གཡོག་འགོ་ཁྲིད་མཁན་ལི་ཝེས་ཀྱིས་ས་གནས་དེ་གའི་རྒན་པོ་ཞིག་ལ་སྨན་ཇི་ལྟར་བསྟེན་ཚུལ་འགྲེལ་བཤད་བྱེད་བཞིན་པ།

ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དཔོན་དམག་གིས་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་འབར་གས་བྱས་མེད་པའི་བར་སྣང་འབར་མདེལ་སྤོ་སྒྱུར་བྱེད་བཞིན་པ།