འཛམ་གླིང་སྟེང་སྨན་རིན་སྤྲོད་མི་དགོས་པའི་རྒྱལ་ཁབ་གང་དག་ཡོད།
སྤེལ་བའི་དུས་ཚོད། : 2018-04-04 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མིའི་རིགས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བར་བསྟུན་ནས་ནད་རིགས་སྣ་མང་འབྱུང་གིན་ཡོད་ལ། ནད་རིགས་མང་པོས་མི་ཤི་ཁྱིམ་སྟོང་དུ་གྱུར་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ནི་དེང་གི་སྤྱི་ཚོགས་ཀྱི་གླེང་གཞི་གཙོ་བོར་གྱུར་ཡོད། འཛམ་གླིང་སྟེང་ནད་བཅོས་བྱས་ན་སྨན་རིན་གཅིག་ཀྱང་སྤྲོད་མི་དགོས་པའི་རྒྱལ་ཁབ་དྲུག་ཡོད་ལ་དེ་དག་ནི། སུའེ་ཏེན། ནོར་ཝེ། ཝུན་ལའེ། ཁ་ཐར། ཁུ་པ། ལའོ་ཝུའོ་བཅས་རེད། སྨན་རིན་ཕལ་ཆེ་བ་སྟེར་མི་དགོས་པའི་རྒྱལ་ཁབ་དག་ནི། ཧྥིན་ལན། ནེའུ་ཙི་ལན། སི་ཝེ་ཧྲི་ལན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ། ཏེན་མག་བཅས་རེད།

སྔོན་ཆད་རིན་མེད་ལག་བསྟར་བྱས་རུང་ད་ལྟ་རིན་མེད་ལག་བསྟར་བྱེད་ཀྱིན་མེད་པའི་རྒྱལ་ཁབ་ནི་འཁྱགས་གླིང་། ཨ་ཀེན་ཐིན། ཞི་ལ། ཧྥི་ལི་ཕིན། ཧྥི་ཅི། ནོ་རུ། ཅེ་ཁེ། སི་ལོ་ཝེ་ཁེ། ཧང་ག་རི། རོ་མ་ནི་ཡ། པུར་ཀ་རི་ཡ། ཕོ་ལན། འཇར་མན། ཨར་པ་ནི་ཡ། མོང་གོལ། པོ་སི་ཉི་ཡ་དང་ཧེ་སའེ་ཀོ་ཝེ་ན། ཁོ་ལུའོ་ཏི་ཡ། མཱ་ཆི་ཏུན། ཧའེ་ཧྲན། སའེ་ཨེར་ཝེ་ཡ། ཁོ་སའོ་ཝོ། སི་ལའོ་ཝུན་ཉི་ཡ། ཝུའུ་ཁོ་ལན། པའེ་ཨུ་རུ་སུ། ཨུ་རུ་སུ། ཝུའུ་ཙི་པིའེ་ཁེ་སི་ཐན། ཧ་སག་སི་ཐན། ལ་ཐོ་ཝེ་ཡ། མའོ་ཨེར་ཏོ་ཝ། ཡ་མའེ་ཉི་ཡ། ཡོ་ནན་སོགས་རེད། །

《གྲོགས་མཆོག་ཚགས་པར》ལྟར་བསྒྱུར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། རྟ་མགྲིན།