བལ་ཡུལ་གྱི་ས་ཡོམ་དེ་ག་དུས་མཇུག་སྒྲིལ་ལམ།
སྤེལ་བའི་དུས་ཚོད། : 2015-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    བལ་ཡུལ་དང་ཧི་མ་ལའི་རི་རྒྱུད་ཀྱི་ས་ཁུལ་ཁ་ཤས་ལ་ཉེ་ཆར་སླར་ཡང་ས་ཡོམ་རིམ་པ་༧.༣བརྒྱབ་ཡོད་ཅིང་། ས་ཡོམ་གྱི་གནོད་སྐྱོན་ལྷག་ཡུལ་ནི་ཀ་ཏ་མན་དུ་དང་ཇོ་མོ་གླང་མའི་ལྟེ་བར་ཡིན་ལ། དེ་ནི་ཀྲུང་གོའི་མཐའ་མཚམས་ཀྱི་ས་ཁུལ་ཞིག་ཡིན། ཐོག་མའི་སྙན་ཞུར་ཚོད་དཔག་བྱས་ན་བལ་ཡུལ་དང་རྒྱ་གར་དུ་ད་ཐེངས་སླར་ཡང་ས་ཡོམ་ཁྲོད་མི་༡༠༠༠ཡན་ལ་རྨས་སྐྱོན་ཕོག་ཡོད་ཅིང་། ཉུང་མཐར་ཡང་མི་༦༨སྐྱེ་ལམ་དུ་བཏང་ཡོད་པ་རེད།

  ས་ཁུལ་དེའི་ནང་ནས་ལྷག་པར་དུ་ཀ་ཏ་མན་དུ་དང་ཆའོ་ཐ་རཱ་ལྟ་བུའི་གྲོང་ཁྱེར་ཁུལ་དུ་སྤྱི་ཟླ་༤པའི་ཚེས་༢༥ཉིན་གྱི་ས་ཡོམ་ཁྲོད་གནོད་སྐྱོན་ཆེན་པོ་བཟོས་པ་མ་ཟད་མི་༨༠༠༠ཡན་ད་ཐེངས་ཀྱི་ས་ཡོམ་ཁྲོད་འདས་གྲོངས་སུ་སོང་། ཐེངས་རྒྱ་ཕྲག་མང་པའི་འཕྲོ་ལུས་ས་གཡོས་རོགས་སྐྱོར་བྱེད་མཁན་གྱི་ལས་ཀར་འགོག་སྐྱོན་མང་པོ་བཟོས་ཡོད་ཅིང་། དེ་བས་ས་ཁུལ་དེ་གའི་མི་དམངས་རྣམས་དངངས་འཚབ་དང་འཇིགས་སྐྲག་གི་གནས་སུ་གྱར་ཡོད། དེ་ཡང་འཕྲོ་ལུས་ས་གཡོ་ཡི་ཚད་མཐོ་ཤོས་སུ་༦ཚེག་༧སླེབས་ཀྱི་ཡོད་པ་རེད།

  དྲ་གྲོགས་ཀྱིས་བཏང་བའི་པར་འགའ། པོད་ཕྲན@ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བའི་མྱུར་འཕྲིན།

  ཡིན་ནའང་ད་ལྟ་རྒྱག་བཞིན་པའི་ས་ཡོམ་དེ་འཕྲོ་ལུས་ས་གཡོ་ཞིག་གཏན་ནས་མ་ཡིན་པར་དེ་ནི་ས་ཡོམ་གི་གནོད་སྐྱོན་གསར་པ་ཞིག་ཡིན་ཏེ། ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གི་བརྟག་དཔྱད་བྱས་པར་གཞིགས་ན་དེ་རིང་གི་ས་ཡོམ་དེ་སྤྱི་ལི་༡༥ཡན་གྱི་ས་ཤུན་སུ་རྒྱབ་པ་མ་ཟད་ས་འགུལ་གྱི་གཏིང་ཚད་དེ་སྤྱི་ཟླ་༤པར་རྒྱབ་པའི་ས་ཡོམ་དང་གཅིག་པ་ཡིན་པ་རེད། ས་ཁུལ་དེ་གའི་གྲོང་ཁྱེར་དང་གྲོང་སྡེ་ལ་ཐེངས་༦གི་འཕྲོ་ལུས་ས་གཡོའི་རྐྱེན་ངན་འཕྲད་པ་མ་ཟད་ད་ཐེངས་གི་ས་ཡོམ་དེས་སླར་ཡང་ཧི་མ་ལའི་རི་རྒྱུད་གི་བྱང་ཕྱོགས་རི་ཁུལ་ལ་ཐེངས་གསར་པའི་རི་ནས་ས་རྡོ་བཤུད་པའི་གནས་ཚུལ་བྱུང་བ་རེད།

  དེ་ནི་རླུང་རྟ་ཞན་པས་ཡིན་ནམ་ཡང་ན་བལ་ཡུལ་ལ་ད་ལོ་ས་ཡོམ་གྱི་གནོད་འཚེ་ལྷག་པའི་དུས་སྐབས་ཤིག་འཁེལ་བས་ཡིན། དེ་སྔོན་ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གི་སྔོན་དཔག་བྱས་པར་གཞིགས་ན་ད་དུང་སྤྱི་ཟླ་༤པའི་ནང་གི་ས་ཡོམ་དང་གནོད་འཚེ་འདྲ་མཚུངས་ཀྱི་ས་ཡོམ་ཡོང་བར་ཉིས་བརྒྱའི་དཔྱ་གཅིག་གི་ཉེན་ཁ་ཡོད། མ་གཞི་ཚོད་དཔག་གྲངས་ཚད་མཐོ་པོ་མེད་ཀྱང་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་གཏན་ནས་མིན་ཞེས་ཨ་རིའི་ས་གཤིས་རིག་པ་ལི་ཆི་པུ་ལི་གེ་སི་ཡིས་དེ་ལྟར་གསུངས། སྟབས་མ་ལེགས་པ་ཞིག་ལ་དེ་ནི་དུས་ཐུང་ཞིག་ཡིན་རུང་ཕལ་ཆེར་དེ་ཆེས་མཐའ་མའི་ས་ཡོམ་ཞིག་མ་ཡིན་ལ་འབྱུང་འགྱུར་གི་དུས་ཚོད་ནང་ད་དུང་དེ་ལས་མང་བའི་ས་ཡོམ་བརྒྱབ་སྲིད།

  ས་ཡོམ་གྱི་འབྱུང་གཞི།

  སྤྱི་ཁོག་ནས་བཤད་ན་རྒྱ་གར་ད་ལྟ་ཡ་གླིང་ཕྱོགས་སུ་རྒྱུ་བཞིན་ཡོད་ཅེས་པུ་ལི་གེ་སི་ཡིས་གསུངས། ལོ་སྟོང་ཕྲག་སྔོན་ལ་ཨེ་ཤ་ཡ་ལྷོ་མའི་སྐམ་ས་ཆེན་པོ་དེ་སྔར་བཞིན་བལ་ཡུལ་གི་མཐའ་ཁུལ་དང་མཚོ་བོད་མཐོ་སྒང་སུ་ཕྱོགས་པས་དེར་གནོན་ཤུགས་ཆེན་པོ་སྤྲད་གི་ཡོད། ཐོག་མར་རྡུང་ཁ་རྒྱབ་པ་ལས་ཧི་མ་ལའི་རི་རྒྱུད་བྱུང་བ་མ་ཟད་དེ་ལྟར་བར་མེད་དུ་འདེགས་ཡོང་སྟབས་ད་ལྟའི་བར་ཁུལ་དེ་སྔར་བཞིན་མཐོ་རུ་འགྲོ་གིན་ཡོད་ལ་གནོན་ཤུགས་མང་པོ་ཞིག་གི་རྐྱེན་པས་སའི་གོ་ལའི་ཕྱི་ངོས་གི་སྤྱི་ལི་མང་པོའི་ས་གཤིས་ལ་འགྱུར་བ་འགྲོ་བཞིན་ཡོད། དེ་འདྲའི་དབྱིབས་འགྱུར་དེ་ཤུགས་ངེས་ཅན་ཞིག་ལ་སླེབས་དུས་དཔང་ལེབ་ངོས་སྙོམས་དེ་གློ་བུར་དུ་འགུལ་ནས་ནུས་ཚད་དེ་གཡོ་འགུལ་དྲག་པོའི་ཐོག་ནས་ཁ་རུ་ཐོན་གྱི་ཡོད། བསམ་བློ་ཞིག་གཏོང་དང་། རི་བོ་ཧི་མ་ལའི་གནས་རྩེ་དེ་ལྡེམ་རྩིབ་ཞིག་ལ་ངོས་འཛིན་བྱས་ནས་དེ་མཐོ་ས་ནས་མར་གནན་ན་ང་ཚོས་མཐོང་ཐུབ་པ་ནི་ནུས་ཚད་མར་ཐོན་ཡོང་བ་དེ་རེད།

  དེ་འདྲར་གཙིར་བའི་རྐྱེན་གྱི་ས་ཁུལ་དེ་གར་རི་རྒྱུད་མང་དུ་ཕྱིན་པ་མ་ཟད་ས་ཡོམ་བརྒྱབ་པའི་དྲོད་ཁྲི་ལྟ་བུར་འགྱུར་ཡོད། ཡིན་ནའང་ཟླ་ཕྱེད་ནང་ས་ཡོམ་དྲག་པོ་ཐེངས་གཉིས་བརྒྱབ་པ་དེ་རྒྱུན་མཐོང་ཞིག་མ་ཡིན་ལ་ཧི་མ་ལའི་རི་རྒྱུད་ལ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ལ་ས་གཤིས་ལ་བརྟན་ལྷིང་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད། དེ་བས་དུས་ཐུང་ནང་གནས་ཚུལ་དེར་སྤྱིའི་ཆ་ནས་འགྱུར་བ་འགྲོ་མི་སྲིད།

  ས་ཡོམ་ཀྱིས་ས་ཆ་འདིར་ཡང་བསྐྱར་རྣམ་པ་གསར་པ་ཞིག་བསྐྲུན་བཞིན་པ།

  གློ་བུར་དུ་གས་སྲུབས་ས་རྒྱུད་ལ་ཤུད་འགུལ་བྱུང་བ་དེས་ཕྱི་ངོས་ཀྱི་མཐོ་ཚད་ལ་འགྱུར་བ་ཕྱིན་ཡོད་པ་ཡང་མཚོན་ཐུབ། མ་གཞི་ལྷོ་ངོས་ཀྱི་ཧིན་རྡུ་བྲག་ལེབ་ཐུར་དུ་གནས་ཡོད་ཀྱང་ད་ཐེངས་ས་ཡོམ་བརྒྱབ་རྗེས་ས་ཆ་འདེའི་ས་འབབ་མཐོ་རུ་རྨིད་༣ལྷག་ཙམ་ཕྱིན་འདུག དེའི་རྒྱུ་མཚན་ནི་ཡ་གླིང་བྲག་ལེབ་ཀྱི་འགོག་ཤུགས་ཀྱིས་ལྡོག་ཤུགས་ཆེན་པོ་སྤྲད་པའི་རྐྱེན་གྱིས་ཡ་གླིང་བྲག་ལེབ་མཐོ་རུ་ཕྱིན་ཡོད་པས་ཡིན། དོན་དངོས་ཐོག་ཀ་ཏ་མན་དུའི་མཐའ་སྐོར་གྱི་ས་རྒྱུད་ལྷོ་ངོས་སུ་རྨིད་༣ཙམ་སྤོས་ཟིན་འདུག དེ་ལས་ལྡོག་སྟེ་གས་སྲུབས་ས་རྒྱུད་བྱང་རྒྱུད་ཀྱིས་རི་རྒྱུད་ཁ་ཤས་ཡང་མཐོ་ཚད་རྨིད་༣ལྷག་ཙམ་མར་བབས་ཡོད།གཞི་ཁྱོན་ཆེ་བའི་གཡོ་འགུལ་དེ་དག་གི་སྡོད་མི་རྣམས་ལ་ཤུགས་རྐྱེན་ཐེབས་ཚད་དེ་གཞི་ཁྱོན་ཆུང་བའི་གཡོ་འགུལ་ལས་ཆུང་བ་ཡོད་དེ། དཔེར་ན། རི་ཉིལ་བ་དང་། ས་རྒྱས་པ། དིམ་པ་ལྟ་བུ།

  ཤུགས་དྲགས་ཆེ་བའི་ས་ཡོམ་ཀྱིས་ས་གཞི་ཁྱོན་ཡོངས་ལ་གས་སུབས་ཀྱི་གནོད་འཚེ་བཟོས་ཡོད་ཅིང་། གས་སུབས་དེ་དག་གིས་འོག་དུ་སྦས་པའི་གས་སྲུབས་ས་རྒྱུད་དེ་རིམ་བཞིན་ས་ངོས་སུ་མཆེད་པར་བྱེད། ད་ལྟའི་བར་བལ་ཡུལ་ལ་གས་སུབས་དེ་འདྲ་ཐོན་མེད། ཡིན་ནའང་པོ་ལི་གེ་སེར་གྱིས་གསུངས་དོན་གས་སུབས་དེ་མགྱོགས་མྱུར་ས་ངོས་སུ་སླེབས་མེད་ཀྱང་ཡིབས་ནས་བསྡད་པའི་གས་སུབས་ཀྱིས་ས་ངོས་ལ་མིག་མཐོང་ལག་ཟིན་གྱིས་འགྱུར་བ་ཕྱིན་ཡོད། ཚན་རིག་མཁས་ཅན་གཞན་ཞིག་གིས་འཚོལ་བཞིན་པའི་སྣང་ཚུལ་ནི་ས་ཡོམ་རྗེས་ཀྱི་ཤུད་འགུལ་དེ་ཡིན། སྣང་ཚུལ་དེ་དག་ནི་གས་སུབས་མཐའ་སྐོར་དུ་བྱུང་བས་ས་ངོས་ལ་མཚམས་མེད་པར་སྟེང་འོག་གཡོ་འགུལ་ཐེབས་པ་མཚོན།དེ་ནི་ཁོ་ཚོས་ཁོར་ཡུག་གསར་པར་གོམས་གཤིས་ཆགས་པར་བྱེད་པའི་བྲག་ལེབ་འཐེན་ཤུགས་ཡིན།

  བལ་ཡུལ་གྱི་ས་ཡོམ། རིན་ཐང་དཔག་ཏུ་མེད་པའི་ས་ཡོམ་གྱི་ཤེས་བྱ་གསར་པ།

  ཞིབ་འཇུག་མི་སྣ་ཚོས་དུས་རྒྱུན་དོན་ངོ་མར་སེམས་ཁྲལ་བྱེད་པ་ནི་པང་ལེབ་གྱི་འགུལ་སྐྱོད་དེ་རྒྱ་མཚོ་ཆེན་པོའི་དཀྱིལ་ནས་འགུལ་སྐྱོད་བྱེད་པ་དེ་ཡིན། འོན་ཀྱང་བལ་ཡུལ་གྱི་ས་ཡོམ་དེ་རྒྱ་མཚོའི་ངོས་སུ་ཐོན་སྟབས་པོ་ལི་གེ་སེ་དང་ཞིབ་འཇུག་མཁན་གཞན་གྱིས་དེ་ལས་འཐུས་སྒོ་ཚང་བའི་གཞི་གྲངས་འཚོལ་སྡུད་བྱས་ནས་ཚོད་རྩིས་བྱས་ཏེ་ས་ཡོམ་གྱི་རྗེས་སུ་དོན་འཕྲོས་ཡོད་པ་སྔོན་དཔག་ཐུབ་པ་རེད། རང་ཉིད་དངོས་སུ་མཐའ་ཁོར་གྱི་ཁོར་ཡུག་ལ་ལ་ལྟ་ཞིབ་བྱེད་པར་སྐྱོད་པ་ནི་ཉེན་ཁ་ཧ་ཅང་ཆེ་བ་ཞིག་ཡིན་ལ་ལྷག་པར་དུ་མཐའ་ཁོར་གྱི་རི་རྡོ་ཤུད་པའི་སྐབས་སུ་ལྟ་ཞིབ་བྱེད་པར་འགྲོ་བ་ནི་ཉེན་ཁ་དེ་བས་ཆེ་བ་ཞིག་རེད། དེར་བརྟེན་མིག་མདུན་གྱི་ས་ཡོམ་ཞིབ་འཇུག་མཁས་པ་ཚོས་འཁོར་སྐར་གྱི་རིས་དབྱིབས་དང་GPSགཞི་གྲངས་ལ་དབྱི་ཞིབ་བྱས་ནས་ས་ངོས་ཇི་ལྟར་བྱས་ནས་འགུལ་སྐྱོད་བྱེད་ཀྱི་ཡོད་པར་བརྟག་དཔྱད་བྱེད་ཀྱི་ཡོད།

  པོ་ལི་གེ་སེ་དང་དེ་མིན་གྱི་མཁས་དབང་གཞན་གྱིས་ཡང་གས་སྲུབས་ཞིག་རྙེད་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ས་ངོས་སུ་གས་སྲུབས་ཞིག་གཏན་ནས་རྙེད་མེད་པ་རེད། སྟབས་མི་ལེགས་པ་ཞིག་ལ་ཡངས་ཤིང་རྒྱ་ཆེ་ལ་སྔོན་དཔག་བྱེད་དཀའ་བའི་ས་གཤིས་མ་ལག་ནང་དེ་འདྲའི་ས་གཤིས་ཀྱི་གས་སྲུབས་དཔང་རྟགས་འཚོལ་བ་ནི་ཆེས་དཀའ་བའི་ལས་ཀ་ཞིག་ཡིན། འོན་ཀྱང་ང་ཚོས་ས་ངོས་ནས་དེ་དག་གྱི་ཤུགས་རྐྱེན་མཐོང་ཐུབ་ཀྱང་ས་གཤིས་གས་སྲུབས་ཀྱི་གནད་དོན་དེ་སྔར་བཞིན་ས་འོག་ཏུ་ཡིབས་ཡོད་པ་རེད་ཅེས་པོ་ལི་གེ་སེ་ཡིས་དེ་ལྟར་གསུངས།

  དེ་བཞིན་བྲག་ལེབ་འགུལ་སྐྱོད་བྱེད་པའི་སྣང་ཚུལ་དེ་པོ་ལི་གེ་སེ་དང་ཁོང་ཚོའི་ལས་རོགས་ཚོའི་སྔོན་དཔག་ནང་ཚུད་ཡོད་ཀྱང་ཁོང་སྔ་བཞིན་མུ་མཐུད་ནས་གནས་ཚུལ་གང་འདྲ་ཞིག་ལྷག་མིན་ལ་སྔོན་དཔག་བྱེད་འདོད་མེད་པ་རེད། པོ་ལི་གེ་སེ་ཡིས་གསུངས་པ་ལྟར་ན་ང་ཚོས་གནད་ལ་འཕིགས་པའི་སྒོ་ནས་བྲག་ལེབ་ཕན་ཚུན་འགུལ་སྐྱོད་བྱེད་པའི་འབྲེལ་བའམ་ཡང་ན་ཐེངས་གཅིག་འགུལ་བའི་རྗེས་སུ་ཡང་ཐེངས་གཞན་ཞིག་ཇི་ལྟར་བྱས་ནས་འགུལ་མིན་གསལ་པོ་ཤེས་ཀྱི་མེད་ལ་ས་ཡོམ་རྒྱག་ཐེངས་རེར་འཕྲོ་ལུས་ས་གཡོ་མང་པོ་ཞིག་ལུས་ཀྱི་ཡོད་པ་མ་ཟད་རླུང་རྟ་ཅུང་ལེགས་པའི་སྐབས་སུ་འཕྲོ་ལུས་ས་གཡོ་དེ་འཕྲལ་དུ་ཡལ་གྱི་ཡོད།

  ཡིན་ནའང་ས་ཁུལ་དེ་གའི་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཡོམ་དེབ་ཐེར་དུ་བཀོད་ཡོད་པའི་ཁུལ་དེར་ད་ནས་བཟུང་ས་ཡོམ་རྒྱག་གྱི་མེད་ཅེས་པའི་བཤད་སྲོལ་དེ་ཁུངས་ལུང་མེད་པ་ཞིག་རེད་ལ་ས་གཤིས་གནོན་ཤུགས་དེ་ཉིན་ཁ་ཤས་སམ་གཟའ་འཁོར་ཁ་ཤས་ཟླ་ཁ་ཤས་ཡང་ན་ལོ་ཟླ་ཁ་ཤས་གང་ལྟར་དུས་ཚོད་ག་གེ་མོ་ཞིག་གི་ནང་གཞི་ནས་སླར་ཡང་ལེགས་སྒྲིག་ཐུབ་མིན་ང་ཚོས་ཡང་ཤེས་ཀྱི་མེད། འོན་ཀྱང་པོ་ལི་གེ་སེ་ཡིས་ས་ཁུལ་དེར་སྔར་བཞིན་ས་ཡོམ་རྒྱག་པ་དེ་མི་མངོན་པའི་ནུས་པ་ཞིག་རེད་ཅེས་གསུངས་པ་རེད།

  རིམ་པ་༧.༣གྱི་ས་ཡོམ་དེ་རྨེག་མེད་རང་བཞིན་དང་ལྡན་པ་ཞིག་ཡིན་ལ་ལྷག་པར་དུ་མུ་མཐུད་ནས་༧.༨བརྒྱབ་ནས་གནོད་སྐྱོན་མང་པོ་ཞིག་བཟོས་པ་རེད། པོ་ལི་གེ་སེ་ཡིས་ས་ཁུལ་དེར་གཅིག་བྱས་ན་དེ་ལས་ལྷག་པའི་ས་ཡོམ་རྒྱག་གི་རེད་ཅེས་གསུངས་སོ། །

  ཡོང་ཁུངས། ཚ་ལུ་མའི་དྲ་བ།